ཞེ་ཡི་དྲན་པའི་འཁོར་བའི་རི་མོ་དེ།།
སྣང་བ་གྱ་གྱུ་བསླུས་པའི་སྨག་རུམ་བཞིན།།
མི་ཚོགས་ཁྲོད་ནས་ཁྱེད་ཀྱི་གཅེར་བུ་ལ།།
དབང་མེད་ལས་ཀྱི་ནག་ཉེས་འབྲི་བཞིན་དུ།།
སྐྱོ་གདུང་སེམས་པ་ཁ་བས་གཡོགས་འདྲ་བྱས།།
དྲན་པ་བཙོན་མ་དགུན་གྱི་དར་འཁྱག་བཞིན།།
ང་ནི་ཞེ་གཅོང་ཁུར་བའི་བུ་ཡུག་འདྲ།།
ཤུགས་རིང་དངན་པ་སྐྱ་ཆད་སྔོ་ཆད་དུ།།
བར་སྐོར་སོང་སྟེ་ཆང་ཕོར་ཧུབ་འཐུང་བྱས།།
རྣམ་ཤེས་དར་སྐུད་ཕྲ་མོ་བཟི་རག་བར།།
ཀ་མད་ཚག་སྒྲའི་ལྷུ་ལག་རྒྱུན་བསྲིངས་ནས།།
རུས་གསེང་དབྱངས་སུ་བསྟིམས་ཏེ་མུན་ནག་ཀློང་།།
མིག་ཆུའི་ཚབ་ཏུ་ཐོལ་བའི་ཉིན་ཐོ་ལ།།
ཚོར་བའི་རལ་བ་སླུ་བཞིན་ས་ཆེན་བརྒལ།།
