སྐྱེ་བ་དང་ཐག་མི་རིང་།
གསོན་པ་དང་ཐག་མི་རིང་།
འཆི་བ་དང་ཐག་མི་རིང་།
བར་སྲིད། དམྱལ་ཁམས།
ཀེང་རུས་དང་ཐག་མི་རིང་།
ཁེར་ཧྲང་དང་ཡང་ཐག་མི་རིང་།
ཁེར་ཧྲེང་ནི་བྱིས་པ་དང་འདྲ་བར་གང་སར་སྐྱེས་ཤིང་།
རྒས་འཆོལ་དང་འདྲ་བར་གང་སར་ཐོར།
ཁེར་ཧྲེང་ནི་གཙང་པོ་དང་འདྲ་བར་འཁྱག་
གིས་བསྡམས་ཤིང་།
གཙང་བོ་ཡོད་ཚད་ཁེར་ཧྲང་དུས་ལུས
ཁེར་ཧྲེང་གི་དུས་སུ་དགུན་ཁ་ལས་མེ་ཏོག་སྐྱེས་ཤིང་།
མེ་ཏོག་ནི་དུག་སྦྲུལ་གྱི་ལྕེ་དང་འདྲ།
མེ་ཏོག་མིག་ཆུ་དང་སྡུག་བསྔལ་ལས་ཁ་ཐག་མི་རིང་ཡང་།
ཁེར་ཧྲེང་ནི་ནམ་མཁའ་དང་གཙང་པོ་ཡིན།