བྱ་རྒོད་ཤ་ཟན་ཁྲོས་པའི་ཉམས་ཀྱིས་བབས།།
སྣུམ་གྱིས་ཟིན་པའི་རོ་མཚུན་གང་སར་ཡོད།།
གནས་ཆུང་དྲི་མ་བཙན་པོའི་དུར་ཁྲོད་དུ།།
མཆི་མ་རྡོག་པོ་འགའ་ཡི་སུག་རྗེས་ཡོད།།
ལས་ཀྱི་ལྷག་འཕྲོ་མི་ཡི་ཡུལ་དུ་བསྐྱུར།།
གདུང་བའི་དབྱངས་རྟ་དུར་ཁྲོད་ཀུན་ཏུ་ཁྱབ།།
མདའ་རྒྱང་ཁྲི་ཡི་མཚམས་སུ་སྐར་ཚོགས་འདར།།
རླུང་བུ་སྨྱོན་པ་མིག་གི་ཡོལ་བར་གྱུར།།
བླ་བྱ་ཐང་དཀར་སྡེར་ཞགས་བརྐྱངས་ཤིང་བབས།།
ང་ཡི་ཚོར་བའི་གཞི་ལ་ཟུག་གཟེར་སྐྱེས།།
ཉི་མར་དམར་མདངས་ཆགས་ཤིང་ངུ་སྙིང་སྟེར།།
ཟླ་བའི་གཟུང་ཐག་དུར་སའི་ལྟེ་བར་འཛུལ།།
འཆི་བ་ལམ་གྱི་རིམ་པ་དངངས་སྐྲག་ཅན།།
དོ་ནུབ་དུར་ཁྲོད་འགྲིམ་སྟེ་ལན་གཅིག་མྱངས།།
༼ མགར་ཐང་དཀར། ༽