མདང་ནུབ་གློ་བུར་གྱི་གློ་བུར་དུ།
མེ་ཕུང་ཆུང་ཆུང་དེ་ནས།
མེ་ལྕེ་ཆེན་པོ་ཞིག་འབར་བཞིན་འདུག
མདང་ནུབ་སེམས་ཀྱི་ངལ་དུབ་ཡོད་ཚད།
མེ་ལྕེ་དེས་དུམ་བུར་བྱས་སོང་།
ཆར་ནང་དུ་འབར་བཞིན་བའི་མེ་ལྕེ་ལས།
སེམས་ཁྲལ་ཞེས་པའི་ཐ་སྙད་དེ་རྙེད་བྱུང་།
མདང་ནུབ་རྒྱུས་མེད་ཀྱི་ངོ་གདོང་མང་པོ་མཐོང་།
མེ་ཕུང་ལ་ཅེར་བའི་མིག་ཀོང་དུ།
སྦྲ་ནག་གཉིད་དུ་ཡུར་ལ་ཁད་རེད་འདུག།
ལྷ་ཚོགས་ཁྱིམ་དུ་ལོག་ལ་ཉེར་འདུག།
༼ འཕུར་སྐྱོད། ༽