国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་དུས་སུ་ལྷོ་ཁ་ཕུ་མ་གཡུ་མཚོའི་ཡུལ་ལྗོངས་ལྷག་པར་མཛེས།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེ་ཡིས་པར་བླངས།

ཕུ་མ་གཡུ་མཚོ་ནི་བོད་ལྗོངས་ལྷོ་རྒྱུད་ཀྱི་ས་བབ་མཐོ་ཤོས་ཀྱི་ཚྭ་མེད་ཆུའི་མཚེའུ་ཞིག་རེད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་པ་དང་། ལྷ་ས་དང་བར་ཐག་སྤྱི་ལེ210དང་། སྣ་དཀར་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ65ཡོད། མཚོ་འཕགས་སྨི5010དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ292ཡོད། ཁོད་ཡངས་པའི་མཚོ་མོ་རི་ཚོགས་ཀྱིས་བསྐོར་ཡོད་པས་མཛེས་ལྗོངས་ནི་རི་མོ་བྲིས་པ་ནང་བཞིན་ཡིན། དེ་ལ“ལྷ་མོའི་མིག་ཆུ”ཞེས་ཀྱང་བརྗོད་ཀྱི་ཡོད་དོ།།