国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོལ་བཤགས་མར་ མེ་འོད་ཆེན།

གསེར་ལས་ལྷག་པའི་མི་ལུས་རིན་ཆེན་འདི་ཐོབ་ལ།།

འཕགས་ཡུལ་གཉིས་པ་ཆོས་ཀྱི་ཞིང་ཁམས་སུ་སྐྱེས་ཀྱང་།།

བདེན་པའི་ཆོས་ཀྱི་འཆར་སྒོ་འབྱེད་པ་ནི་དེ་ཙམ།།

བསམ་གཞིག་བྱས་ན་འགྱོད་པའི་ས་བོན་ལས་མ་འདས།།

དོན་མེད་གཡེང་བས་ཚེ་ཕྱེད་ལག་སྟོང་དུ་གྱུར་ལ།།

སྒྱིད་ལུག་དབང་གིས་མེས་པོའི་གདམས་ངག་ལ་མ་གཡེལ།།

ཕྲེང་འཛིན་མ་ལོའི་པང་ནས་འཚར་བ་ནི་དེ་ཙམ།།

བསམ་གཞིག་བྱས་ན་འགྱོད་པའི་ས་བོན་ལས་མ་འདས།།

ཞིབ་ཏུ་བརྟགས་ན་འཁོར་བ་རྨི་ལམ་གྱི་རང་བཞིན།།

གཟུང་འཛིན་གཉིས་སྣང་ཤེས་པས་རྟོག་བཏགས་སུ་གྲུབ་ལ།།

སྒྲིབ་གཉིས་བཅོམ་པའི་བྱམས་བརྩེ་ཕྲ་མོ་འདི་དེ་ཙམ།།

བསམ་གཞིག་བྱས་ན་འགྱོད་པའི་ས་བོན་ལས་མ་འདས།།

ཚེ་མཐར་སླེབས་པའི་རྒས་ཉམས་

དོད་པ་ནི་མེད་ལ།།

ལས་ལ་བྱུང་བར་བྲེད་དངངས་སློང་

བ་ནི་མིན་ཡང་།།

སྐྲ་དཀར་མེས་མོའི་མིག་ཆུ་ཐིགས་

གཅིག་ལ་བསམས་ན།།

འགྱོད་པའི་སེམས་ཀྱིས་མཐོལ་

བཤགས་ཕྲ་མོ་ཙམ་བགྱིད་དོ།།

༼ ཁམས་པ་པད་ཕྲིན། ༽