国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཟུགས་མེད་རིག་གནས་ཤུལ་བཞག།

གཟུགས་མེད་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་འཕེལ་རྒྱས་ལས་བྱུང་པའི་བདེན་དཔང་རྩ་ཆེན་ཞིང་རིན་ཐང་ལྡན་པའི་རིག་གནས་ཀྱི་འབྱུང་ཁུངས་ཞིག་ཡིན་པར་མ་ཟད། མི་རབས་ནས་མི་རབས་བར་ཕན་ཚུན་བརྒྱུད་འཛིན་དང་དར་སྤེལ་བྱས་ནས་ཡོང་བའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་ཡིན། རིག་གནས་ཤུལ་བཞག་དེ་དག་སྔོག་འདོན་དང་། སྲུང་སྐྱོང་། བརྒྱུད་འཛིན་བཅས་ཡག་པོ་བྱ་རྒྱུ་ནི་མི་རབས་འདིའི་ཕྲག་ལ་བབས་པའི་འགན་འཁྲི་ཡིན། གཞོན་ནུ་ལོ་ཆུང་ཚོགས་སྤྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་མངའ་ལོན་ཚད་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རྒྱུན་མཐུད་མཐོ་རུ་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པ་བྱ་དགོས།།