国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གསེང་རིང་བྱིས་པ་ཚོ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་ཞུགས།

དབྱར་གསེང་རིང་ཀོང་ཞིའི་ས་གནས་ཁག་གིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་སྤྱི་ཕན་གསོ་སྦྱོང་དང་། མི་རིགས་རིག་གནས་ཡུལ་སྡེར་སྤེལ་བ། དམངས་སྲོལ་ཉམས་ལེན་གྱི་བྱེད་སྒོ་སོགས་སྤེལ་ནས་སློབ་ཆུང་སློབ་མ་ཚོར་དམངས་གཞས་དང་། འཚེམ་དྲུབ། འཕང་ལོ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་སློབ་སྦྱོང་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་མ་ཚོར་བྱེད་སྒོ་ཕུན་སུམ་ཚོགས་པའི་དབྱར་གསེང་རིང་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ( ཡེ་ཤེས་ཀྱིས་བསྒྱུར།)