ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས28ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཉིའུ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས།
ཁོང་ཚོ་ནི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་དང་ལྕམ་མོ་དབྱི་ལིས་ཡཱ་ན་དང་། མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉིས། པུ་རུན་ཏིའི་ཙུང་ཐུང་ཨན་ཏ་དབྱི་ཧྲི་སྨི་ཡེ། ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིས། ཀི་ལུའུ་ཅི་ཡའི་ཙུང་ལི་ཅཱ་ལིས་པ་ཧྲི་ཝའེ་ལིས་བཅས་དང་། རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་ཏི་རེད། ( པར་ངོས་གཉིས་པར་གཟིགས།)