འདབ་པ་རྫོང་ལ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་མཐོ་སྒང་གྲོག་རོང་གི་རང་བྱུང་རྣམ་པ་དང་གངས་རི་དང་སྐར་ཚོགས། ནགས་ཚལ་དང་མཚེའུ། རྡོ་ཆས་རྙིང་པའི་གནའ་ཤུལ་དང་མཛེས་སྡུག་ལྡན་པའི་ཞིང་སྡེའི་ཡུལ་ལྗོངས། འཛམ་གླིང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚུགས་དང་ངོ་མཚར་ཅན་གྱི་རྒྱུ་ལ་རི་བོ། གདོད་མའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཅས་ཕུན་སུམ་ཚོགས་པ། དེ་མིན་ཕན་རོགས་གནའ་ཤུལ་གྱིས་ཡུལ་སྐོར་བར་མྱོང་ཚོར་གསར་པ་ཞིག་སྦྱིན་ནས་གནའ་དེང་འབྲེལ་བའི་ཐུན་མིན་ཡུལ་སྐོར་ཞིག་རོལ་བཅུག་པ་རེད།
འདབ་པར་གནམ་རིག་ཚན་ཞིབ་དང་གངས་རིའི་སྐྱེ་ཁམས། ཡི་གེ་མ་བྱུང་གོང་གི་རིག་གནས་བཅས་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཆེན་པོ་གསུམ་ཁྱབ་ཡོད་པ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)
