༄༅།། སྤྱི་ཟླ8པའི་ཚེས10ཉིན། གསེར་རྟ་རྫོང་ཅའོ་ཅང་རེ་བའི་སློབ་གྲྭས་ཨར་སྐྲུན་ལེགས་གྲུབ་ཀྱི་སྒོ་བྱང་བཀལ་བའི་མཛད་སྒོ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཧོ་པེའོ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་མཛད་སྒོར་ཞུགས་པ་དང་། གསེར་རྟ་རྫོང་དང་ཀྲེ་ཅང་ཞིང་ཆེན་ཅའོ་ཅང་སྡེ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲི་དང་དགེ་རྒན། སློབ་མའི་འཐུས་མི་ཁག་གཅིག་གིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།
༄༅།། སྤྱི་ཟླ8པའི་ཚེས11ཉིན། འདབ་པ་རྫོང་ཉི་སྟེན་གྲོང་སྡེའི་སྲུང་སྐྱོང་དང་སླར་གསོ་ལས་དོན་གྱི་འབྲེལ་ཡོད་ལས་གྲྭ་སྟེ། ཤམ་བྷ་ལའི་རིག་གནས་དངོས་མང་བཤམས་སྟོན་ཁང་གི་གྲུབ་ཆ་གཙོ་བོ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་རེད། འདི་ནི་འདབ་པའི་ཉི་སྟེན་ལས་གྲྭ་དེ་སྤྱི་ཟླ་4པར་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་ནས་བཟུང་། ཚད་བརྒལ་རང་བཞིན་གྱི་འཕེལ་འགྱུར་ཆེན་པོ་ཞིག་མདུན་བསུས་ཏེ་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པར་མཚོན།
