国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་སྲིད་གཞུང་ཏང་ཚན་ཁག་གིས2023ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་བཅུ་པ་འཚོགས།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཙུའུ་ཡི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས2023ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས་བཅུ་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་ཁག་དང་པོའི་ཕྱོགས་བསྡོམས་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་གཙོ་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་།ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་ཆུང་གི་གཙོ་དོན་སློབ་གསོའི་ལས་དོན་ཇུས་གཞིར་གྲོས་ཞིབ་དང་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་བསྟན་དོན། གཙོ་དོན་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཏང་ཡོངས་ཀྱི་བློ་མཐུན་རྣམས་སྐུལ་སློབ་བྱས་ཏེ་ཏང་གི་ལས་འགན་གཙོ་བོ་ལེགས་འགྲུབ་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཙོ་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གཙོ་དོན་སློབ་གསོའི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད། གཙོ་གནད་བྱ་ཐབས་བཅས་ཁོང་དུ་བརྟན་པོ་ཆུད་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཏན་འབེབས་བྱ་སྤྱོད་ཏན་ཏིག་དང་རང་འདེམས་བྱ་སྤྱོད་ཡག་པོ་བསྒྲུབས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་གཙོ་དོན་སློབ་གསོའི་ལས་ཀ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། གཅིག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ཁོང་དུ་ཆུད་པ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་།གཉིས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པར་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱ་དགོས། གསུམ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཞི་ནས་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་བྱེད་པར་རང་ཉིད་གསར་བརྗེ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ལྔ་ནས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་དངོས་གཉེར་གོ་ཆོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།།(བདེ་སྐྱིད་ཀྱིས་བསྒྱུར།)