སེར་ཐིག་ལྷུང་བའི་ལོ་མ་རེ་རེའི་རྨི་ལམ།
དུར་ཁྲོད་ལྟ་བུའི་སྟོན་གྱི་དུས་ཚིགས་ནང་
དུམ་བུར་ཆག།
ནང་སེམས་སྐྱོ་བས་བཏེགས་པའི་ཁེར་རྐྱང་གི་སྙན་ངག།
ཉིན་མཚན་གྱི་གསང་བའི་རྩེ་ན་ཚག་ཚག་འབར།
སྐྱེ་འཆིའི་གཏམ་རྒྱུད་ཤོང་བའི་རོ་སྒམ་གྱི་མཐའ་ན།
དུས་ཚིགས་ཤིག་གི་སྡུག་བསྔལ་གྱིས་གྲུབ་པའི་མེ་
ཏོག་ཁྲུ་གང་བཞད།
༼ གྱང་ཆག། ༽