国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་དོན་སློབ་གསོའི་འཆར་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་དགོས། དམིགས་ཚད་དང་བླང་བྱ་འཕྱུགས་མེད་ཡོང་བ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག། འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་བྱས་ནས“དགོངས་པ་སློབ་སྦྱོང་བྱེད་པའི”རང་རྟོགས་ཆེར་གཏོང་དང་། “ཏང་གཤིས་ནན་ཏུ་སྐྱོང་བའི”བློ་རྒྱ་ཆེ་རུ་གཏོང་བ།“ལག་ལེན་གཙིགས་སུ་འཛིན་པའི”ཁྲིད་ཕྱོགས་བརྟན་པོར་འཛུགས་པ། “བྱས་རྗེས་གསར་པ་འཇོག་པའི”སྤྲོ་སེམས་འཕེལ་བ་བཅས་བྱ་དགོས། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་ལོ་འཁོར་གྱི་ལས་ཀའི་ལས་འགན་དོན་འཁྱོལ་ནན་འཛིན་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱ་ཆེ་བའི་ཨུ་ཡོན་ལས་བྱེད་པས་དཀའ་སེལ་འགག་སྒྲོལ་དང་རང་འགན་གཙང་སྒྲུབ་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་སྔར་ལས་ལྷག་པ་བྱེད་དེ། དཀར་མཛེས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།ཕན་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱ་དགོས་པའི་བླང་བྱ་དོན་འཁྱོལ་དང་། སྤྱིའི་བླང་བྱ་དོན་འཁྱོལ་ནན་པོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤང་གང་ཐུབ་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)