国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨྲེང་ངག།

ངས་ཁྱོད་ལ་སྙན་ངག་ཅིག་འབྲི་ཨེ་ཆོག།

ཁྱོད་ཀྱི་མིག་གི་ཟུར་མིག་འཕེན་སྟངས་

དེ་འབྲི་ཨེ་ཆོག།

ངས་སྙན་ངག་དེ་རྒྱ་མཚོའི་སྟེང་དུ་འབྲི་འཆར་ཡོད།

ངས་ཁྱོད་ཀྱི་དོན་དུ་མེ་ཏོག་ཅིག་བཏུ་ཨེ་ཆོག།

ཁྱོད་ཚང་གི་རྒྱབ་རི་ངོས་ཀྱི་གུར་ཀུམ་དེ་བཏུ་ཨེ་ཆོག།

ངས་མེ་ཏོག་དེ་རང་ཤག་ཏུ་བཤམ་ཐུབ་པའི་རེ་བ་ཡོད

རེ་བ་ཆུང་ཆུང་ཆུང་ཆུང་ཞིག་ལས།

ཚེ་རོགས་ལྟ་བུའི་རེ་བ་ཞིག་འཆང་ཕོད་ཀྱི་མེད།

དེ་ནི་ངས་ཁྱོད་ངོ་ཤེས་པ་ལས་ཁྱོས་ང་རང་ངོ་

ཤེས་ཀྱིན་མེད་པས་ཡིན།

བཅོ་ལྔའི་ཟླ་བ་ཤར་བྱུང་།

ཟླ་བ་དྭངས་པོ་མ་བྱུང་།

༼ སད་མི། ༽