国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས21ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་རྒྱུན་ཆད་མེད་པར་མཐར་ཕྱིན་པའི་ཕྱོགས་སུ་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཕྱི་འབྲེལ་པུས《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》(གཤམ་དུ《དྲི་བ་དྲིས་ལན》ཞེས་བསྡུ་རྒྱུ)རྩོམ་སྒྲིག་བྱས་ནས་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་ཚེས21ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀྲམ་པ་རེད།

《དྲི་བ་དྲིས་ལན》གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལག་ལེན་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་རིགས་པའི་གཞུང་ལུགས་ཀྱི་གླེང་མང་བ་དང་དཀའ་གནད་ལ་དམིགས་པ་དང་དངོས་ཡོད་ཀྱི་དོ་ཁུར་ལ་ལན་བཏབ་སྟེ། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། དོན་སྙིང་ཟབ་ལ་གོ་བདེ་བ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་མ་ལག། དོན་སྙིང་གཙོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་མངོན་པར་བྱས་ཏེ། རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་བས་སློབ་སྦྱོང་དང་གོ་བ་དཔྱིས་ཕྱིན་ལེན་པ་དང་དེ་བས་རང་རྟོགས་ངང་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱ་རྒྱུར་རོགས་རམ་བྱས་ཡོད། 《དྲི་བ་དྲིས་ལན》ལ་ཁྱོན་ནང་དོན་ཁག10དང་དྲི་བ་དྲིས་ལན48ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་དཔེ་གསར་ཡིན་པ། པར་རིས་དང་རྩོམ་ཡིག་མཉམ་བཀོད་དང་གོ་བདེ་ཤེས་སླ་བཅས་ཡོད་པ་དེ་ནི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་རེད།།

(མི་དམངས་དྲ་བ་ནས་དྲངས།)