རྟའུ་རྫོང་ལ་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་དཔེར་ན། རྟའུ་མི་མཚོ་དགོན་པའི་བཅོ་ལྔ་མཆོད་པ་དང་། མགར་ཐར་དགོན་པའི་ལྷ་མོ་ཟློས་གར། འདྲ་པའི་ཨ་འགྲོག་གཉེན་སྲོལ་དང་། མགར་ཐར་གནའ་བྲོ། གཉེན་སྟོན་གཏམ་བཤད། མགར་ཐར་རྟ་རྒྱུག་སོགས་སོ།། དེ་ཡང་སྤྱིར་བོད་ལུགས་སྡོད་ཁང་གི་བཟོ་རྩལ་ནི་རྒྱལ་ཕྱི་ནང་ཀུན་ལ་སྙན་གྲགས་ཆེ་ཞིང་ལྷག་པར་རྟའུ་ཡི་བོད་ལུགས་བང་ཁང་གི་ཕྱི་ནང་བཀོད་པ་ངོ་མཚར་ཤིན་ཏུ་ཆེ། བང་ཁང་ཚང་མ་རིའི་འདབས་སུ་གྲལ་སྟར་འགྲིག་ནས་ཆགས་ཡོད་ཅིང་། ཆེ་ཆུང་དང་བཟོ་བཀོད་སྣ་ཚོགས་སུ་མཆིས། བང་ཁང་ལ་བརྟན་པོ་ཡིན་ཞིང་ཉེན་ཁ་ཆུང་བ་དང་ས་འགུལ་འགོག་ནུས་ཆེ་བར་མ་ཟད། ནང་གི་བར་མཐོངས་བཀོད་སྒྲིག་ལུགས་མཐུན་ཡིན་པ་སོགས་ཁྱད་ཆོས་མང་པོ་ལྡན་པས་ཁམས་ཀྱི་བོད་ཁང་ཆེས་ཡག་ཤོས་ཀྱི་མཚན་སྙན་ཐོབ་ཡོད། ཀྲུང་གོ་རྒྱལ་ཁབ་ས་གཤིས་དུས་དེབ་ཁང་གིས་རྟའུ་རྫོང་ལ་ཀྲུང་གོའི་བོད་མིའི་སྡོད་ཁང་སྒྱུ་རྩལ་གྱི་འབྱུང་ཡུལ་ཞེས་པའི་སྒོ་བྱང་བཀལ་ཡོད། དེའི་ཐོག་ནས་རྟའུ་གྲོང་མིའི་སྡོད་ཁང་གི་མཛེས་རིག་དང་བཟོ་བཀོད། སྤྱི་ཚོགས་རིན་ཐང་བཅས་མངོན་ཐུབ་བོ།།( ཡེ་ཤེས་ཀྱིས་བསྒྱུར།)
