国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མངོན་དུ་མ་གྱུར་པའི་རྨི་ལམ་དེ་དག།

ཡིད་སྨོན་དང་རེ་བའི་ཀློང་ནས།

རེ་ཞིག་བོར་བརླག་ཏུ་གྱུར་སོང་།

དབྱངས་ཀྱི་རྒྱུད་སྐུད་ཞིག་གིས་ལམ་སྣ་དྲངས་བའི་ཁོ་བོར།

སྔ་ལས་ལྷག་པའི་འཛུམ་མདངས་ཤིག་རྒྱས་ཏེ།

སྐྱེ་འཆིའི་བར་གྱི་སྐད་གཅིག་མ་ཁོ་ན་ལ།

བདེ་སྐྱིད་ཀྱི་གནས་ཚང་གཡར།

ངོ་མི་ཤེས་པའི་མགྲོན་པོ་གསར་པ་རེ་རེར།

ལག་འཇུ་དང་བསུ་མ་བྱེད་བཞིན།

འདས་དོན་ལ་ཕྱིར་དྲན་དང་།

མ་འོངས་པ་ལ་འབོད་བརྡ་མི་བྱེད་པ།

དེ་རིང་གཅིག་པུ་གླེང་མོ་བྱས།

ལག་པས་བསྙབས་ས་ཞིག་ཡོད་ནི།

དེ་རིང་གི་ངོ་གདོང་ལས་མི་འདུག།

འཇིག་རྟེན་གྱི་མཛེས་པ་ཡོད་ཚད།

དེ་རིང་ལ་སྨིན་འདུག་པས།

དེ་རིང་གི་ངོ་གདོང་ནི་སྙིང་དུ་སྡུག་པ་ཞིག་གོ།

༼ ལྷ་ཚང་ཚུལ་བསྟན།༽