国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟི་ལིང་དུ་རྒན་གསོའི་ཞབས་ཞུ་སྒྲིག་ཆས་ལ་བརྟེན་ནས་རྒན་གསོ་དང་།ལྟ་སྐྱོང་། ཉིན་སྐྱོང་བཅས་གཞི་གཅིག་འཕེལ་རྒྱས་བྱུང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི163བཏང་ནས་གཞུང་བཙུགས་རྒན་གསོའི་སྒྲིག་གཞིའི་ལྟ་སྐྱོང་ནུས་པ་ཆེར་གཏོང་སྒྱུར་བཀོད་ཀྱི་འདུ་འགོད་ལག་ལེན་བསྟར་བས་རྒན་གསོའི་སྒྲིག་གཞིའི་ནད་སྐྱོང་རྣམ་པའི་ཉལ་ཁྲི3522ཟིན་པ་དང་། ནད་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་གྲངས་བརྒྱ་ཆ86ལ་ཟིན་པ། རྒན་གསོའི་སྒྲིག་གཞི་ཚང་མ་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་རྒྱ་སྐྱེད་བཏང་ཡོད།ཉིན་སྐྱོང་དང་། བཟའ་བཏུང་ཞབས་ཞུ།དྲག་སྐྱེད་ལྟ་སྐྱོང་སོགས་བྱེད་ནུས་གསར་པ་བཙུགས་པས་རྒན་གསོའི་ཞབས་ཞུར་བརྟེན་ནས་སྒྲིག་ཆས་རྒན་གསོ་དང་། ལྟ་སྐྱོང་། ཉིན་སྐྱོང་བཅས་གཞི་གཅིག་འཕེལ་རྒྱས་བྱུང་ཡོད།

འདི་ལོའི་ཟླ་བཅུ་པའི་བར། ཟི་ལིང་གྲོང་ཁྱེར་དུ་ད་ཆ་ལོ60ཡན་གྱི་རྒན་རྒོན་ཁྲི41.67དང་། རྒན་གསོའི་སྒྲིག་གཞི25ཐབ་ཚང་ཨ་མ་དང་དེ་བཞིན་བདེ་སྐྱིད་ཟ་ཁང148 ཉིན་སྐྱོང་ཞབས་ཞུ་ལྟེ་གནས138གྲོང་གསེབ་རྒན་རྒོན་གྱི་ཁྱིམ་གཞིས439བཅས་ཡོད་པ་རེད། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཁུལ་དབྱེ་རིམ་དབྱེའི་འཆར་འགོད་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཁུལ་ཆུང་གསར་པའི་རྒན་གསོའི་ཞབས་ཞུར་སྤྱོད་པའི་ཁང་པ་དུད་ཚང་བརྒྱ་རེར་སྨི་ངོས་གྲུ20ལས་མི་ཉུང་བའི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ། རྒན་གསོའི་སྒྲིག་གཞིའི་ནང་སྒོ་བསྟེན་སྨན་བཅོས་ཁང་དང“སྐོར་སྐྱོད་སྨན་བཅོས་ས་ཚིགས”བཙུགས་པ་དང་སྡེ་ཁུལ་གྱི་སྒྲིག་ཆས་ནང་དྲག་སྐྱེད་ལྟ་སྐྱོང་ཁང་བཙུགས་ཏེ་ཆེད་ལས་མི་སྣས་དུས་བཀག་ལྟར་རྒན་རྒོན་ལ་སྨན་་བཅོས་དང་། དྲག་སྐྱེད། སྨན་སྤྱོད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ནུས་པ་རྦད་དེ་ཤོར་བ་དང་ནུས་པ་ཕྱེད་ཀ་ཤོར་བའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་དང་ཁྱིམ་ཚང་གི་ལྟ་རྟོག་ནད་སྐྱོང་གི་ཉལ་ཁྲི་བཟོས་ཏེ། རྒན་གསོའི་སྒྲིག་གཞིས་ཉིན་མཚན་དབྱེར་མེད་ངང་ལྟ་རྟོག་དང་ཆེད་ལས་ལྟ་སྐྱོང་བས་ཁྱིམ་དུ་ཞབས་ཞུ་བཅས་བྱས་ནས་སྒྲིག་གཞི་དང་། ཁྱིམ་ཚང་།སྡེ་ཁུལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་བཀག་རྒྱ་བསལ་ཡོད།

རྒན་རྒོན་གྱི“ཉལ་ཁྲིའི་འགྲམ་དང་། ཉེ་འགྲམ་དང་། མཐའ་འཁོར”བཅས་ཀྱི་ཞབས་ཞུའི་དགོས་མཁོར་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་ཧུར་ཐག་་་བྱས་ཡོད། ལོ་ན་མཐོ་བའི་ཕོགས་སྣོན་དང་།སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཁ་གསབ་དངུལ། ནུས་པ་རྦད་དེ་ཤོར་བའི་རྒན་རྒོན་ལ་ནད་གཡོག་རྒྱུག་པའི་ཁ་་གསབ་དངུལ། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ཁ་གསབ་དངུལ། ཁྱིམ་ཚང་གི་ལྟ་སྐྱོང་ཞབས་ཞུའི་ཁ་གསབ་དངུལ། “དངོས་པོ+ཞབས་ཞུའི”ཁ་གསབ་དངུལ་བཅས་བཏང་ནས་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། དྲ་་སྦྲེལ་དང་། ཟོག་སྦྲེལ་དྲ་རྒྱ། གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་སྤྱད་དེ“ལག་ཐོགས་ཁ་པར་ནས་གཉེར་བ་དང་སྦར་མཐིལ་ནས་གཉེར་བ”སོགས་ཀྱི་བྱེད་ཐབས་བརྒྱུད་རྒན་རྒོན་ལ་དྲྭ་ཐོག་དང་དྲྭ་ཕྱིའི་ཞབས་འདེགས་དུས་ཐོག་ཏུ་ཞུས་ནས་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་འབྲེལ་མཐུད་ནུས་ལྡན་དང་དོ་དམ་གནད་སྨིན་དང་ཕན་འབྲས་ཡག་པོ་ཐོན་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་དྲྭ་རྒྱའི་ལྟ་སྐུལ་ཚོད་་འཛིན་དང་ཁ་པར་ནས་འཚམས་ལན་བྱེད་པ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་བརྒྱུད་རྒན་གསོའི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་དོ་དམ་ཐུབ་ནས། ཁྱིམ་སྡོད་རྒན་གསོའི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)