རྒྱལ་ཡོངས་ཀྱི་མེ་ཟོན་ཉེན་མེད་ཉིན་མོ་འཆར་ཉེའི་མཚམས་སུ་རྒྱལ་ཁབ་གློག་དྲ་ཟི་ལིང་གློག་འདོན་སྤྱི་གཉེར་ཁང་དང་ཟི་ལིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས། ཟི་ལིང་གྲོང་ཁྱེར་ཀུ་ཁྲེང་ཐའེ་སློབ་ཆུང་དུ་ཉེན་མེད་གློག་སྤྱོད་ཤེས་བྱར་འཁྲིད་པའི་བྱེད་སྒོ་སྤེལ་ཞིང་། འཆད་ཁྲིད་དང་འགྲེམས་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོགས་པོ་ཆུང་ཆུང་ཚོར་ཉེན་མེད་གློག་སྤྱོད་དང་ཡ་རབས་གློག་སྤྱོད་ཀྱི་གོམས་གཤིས་འཇགས་པར་བྱས་པ་རེད། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)