国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ནས་སྣུམ་རླངས་ཐོན་ཚད་ཏུན་དུང་ཕྱུར5ཡན་ཟིན་པ།

གཏིང་ཤིན་ཏུ་རིང་བའི་སྣུམ་རླངས་ཀྱི་ལོའི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

སྤྱི་ཟླ11ཚེས7ཉིན། རང་རྒྱལ་གྱི་གཏིང་ཤིན་ཏུ་རིང་བའི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཏེ། ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ནས་རིམ་རྩིས་བྱས་ན་སྣུམ་རླངས་ཐོན་ཚད་ཏུན་དུང་ཕྱུར5ཡན་ཟིན་པ་ལས། མ་བཅོས་རྡོ་སྣུམ་ཏུན་ཁྲི16137དང་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4249.98ཟིན་ནས། རང་རྒྱལ་གྱི་གཏིང་ཤིན་ཏུ་རིང་བའི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་ཡིན་པ་རེད།ཉེ་བའི་ལོ་ཤས་རིང་། ཐ་ལི་མུའུ་སྣུམ་ཞིང་གིས་སྨི8000ཡི་གཏིང་ཤིན་ཏུ་རིང་བའི་རྩད་ཞིབ་གསར་སྤེལ་གྱི་ལག་རྩལ་རབ་དང་རིམ་པ་ཁོང་དུ་ཆུད་པར་བྱས་ཏེ། ཐད་དཔྱང་ཁྲོན་འབྲུ་སོགས་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ།ཡོ་བྱད་གསར་པ་བཅས་ཁག་གཅིག་གིས་རྒྱལ་ནང་དུ་མེད་པའི་སྟོང་ཆ་གསབ་ཡོད་པ་རེད།ཐ་ལི་མུའུ་སྣུམ་ཞིང་གི་རྩད་ཞིབ་གསར་སྤེལ་གྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ས་དང་རྙོག་འཛིང་ཆེ་བའི་ཁྱབ་ཁོངས་སུ་སྤེལ་ནས་སྣུམ་ཞིང་དང་རླངས་ཞིང་ཆེ་འབྲིང32གསར་སྤེལ་བྱས་པ་དང་། རིམ་རྩིས་བྱས་ན་སྨི8000རིམ་པའི“ས་འོག་ཇོ་མོ་གླང་མ”130ཕུག་པ། སྨི6000གི་སྣུམ་རླངས་གསོག་ཚད་རྙེད་པ་དེ་རྒྱལ་ཡོངས་ཀྱི3/4བཟུང་བ།གཏིང་ཤིན་ཏུ་རིང་བའི་སྣུམ་རླངས་ལོའི་ཐོན་ཚད་ཏུན་ཁྲི1800ཡན་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རང་རྒྱལ་གྱི་གཏིང་ཤིན་ཏུ་རིང་བའི་སྣུམ་རླངས་འདུས་ཁུལ་ཆེ་ཤོས་སུ་གྱུར་ཡོད་པ་རེད།

མིག་སྔར། ཐ་ལི་མུའུ་སྣུམ་ཞིང་ནས་སོལ་རླངས་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར3900ཡན་ཟིན་ནས་ནུབ་རླངས་ཤར་འདྲེན་གྱི་སྨད་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས15ཡི་ལམ་རྒྱུད་ཀྱི་མི་དུང་ཕྱུར4ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་རྫོང་དང་གྲོང་ཁྱེར42ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི800ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)