སློབ་བུ་ཚོ་སྔ་མོ་ནས་ལངས་ཏེ།
ཁུ་སིམ་མེར་གནས་པའི་སློབ་ཁང་ལ།
དཔེ་ཀློག་གི་དབྱངས་རྟ་གྱེར་དུས།
ལྷིང་འཇགས་ཀྱི་སློབ་ཁང་འདིར།
རེ་བ་ཡིས་ཡོངས་སུ་འཁྱུད་འོང་།
སློབ་ཁང་ལ་མཛེས་པའི་སློབ་བུ་ཚོའི་ངག་ནས།
ཁོ་ཚོའི་འབྲས་བུ་དང་མཚུངས་པའི་དཔེ་ཀློག་གི་དབྱངས་རྟ།
སློབ་ཁང་དང་ཡི་གེ་ལ་འདྲེས་ནས།
ལྷང་ལྷང་ལྷང་གྲག་བཞིན་འདུག།
དེ་ནི་རང་རིགས་ཀྱི་འབྱུང་འགྱུར་ཡིན།
བདེ་སྐྱིད་ཡིན།
སློབ་བུ་ཚོས་དཀའ་སྡུག་གིས་བསགས་པའི་ཐ་སྙད་དག།
རྒྱུགས་ཤོག་དང་འབྲི་དེབ་སྟེང་བཀོལ་དུས།
ཁོ་ཚོའི་བྱིས་དུས་ཀྱི་ལོ་ཟླ།
དགའ་སྐྱོ་འདྲེས་མའི་འཚོ་བ་དག།
ཡིད་ལ་ག་ལེར་ག་ལེར་འཆར།
སྐབས་དེར།
སློབ་ཁང་འདི་ཤེས་རིག་གི་ཡུལ་གྲུ་ཞིག་ཏུ་གྱུར་ཅིང་།
སློབ་བུ་ཚོར་ཤེས་བྱའི་གཤོག་ཟུང་རྒྱས་ཏེ།
མུ་ནས་མུ་རུ་ལོ་རིམ་འཕར་ཐེངས་རེ་རེ་ནི།
ཁོ་ཚོའི་འབད་འབུངས་ཀྱི་འབྲས་བུ་རེད།
སྟོབས་ཤུགས་ཀྱི་རྒྱལ་ཁ་རེད།
༼ ཁ་བ་ན་རོ། ༽
