དགུན་ལ་གྲང་ངར་རྒོད་པ།
རྩེ་ཁོག་གཅིག་པུའི་ངོ་བོ་མ་རེད།
ཡིད་དུ་འོང་བའི་མཐོ་སྒང་གི་ཙག་རླུང་གིས་ཇི་ལྟར་
གཙེས་ཀྱང་།
ཁྲེལ་གཞུང་གི་ལུག་ཆུང་འཚོ་བའི་ཁྱོད་ཀྱི་མཚེར་ས་རེད།
དབྱར་ལ་མཛེས་སྡུག་ལྡན་པ།
རྩེ་ཁོག་ཁོ་ནའི་རང་བཞིན་མ་རེད།
མཐོངས་ཡངས་པའི་འབྲོག་ཐང་གི་འཚོ་བས་ཇི་ལྟར་
བསླུས་ཀྱང་།
བརྩེ་ཞེན་གྱི་མེ་སྒོང་རྒྱག་པའི་ཁྱོད་ཀྱི་ཁང་ཁྱིམ་རེད།
དུས་ཚིགས་ཀྱི་འཁོར་ལོ་ལ་སྡོད་དུ་མེད་པ་བཞིན།
འཚོ་བའི་རླབས་རྒྱུན་ལ་འཇགས་པ་མེད་ན་ཡང་།
ཁྲེལ་གཞུང་དང་བརྩེ་ཞེན་གྱི་རྨུ་ཐག་དམ་པའི་ཁྱོད་རང་།
བདག་གི་བསམ་པའི་བྲང་གཞུང་ན་ཇི་འདྲའི་མཛེས་ཨང་།
༼ སོ་དུང་ཆོས་དཔལ། ༽
