ཞལ་རས་གསལ་ལ་བཀྲག་མདངས་རབ་རྒྱས་མ།།
ཞལ་དཀར་པད་མ་བཞད་ལྟར་དཀར་མདངས་བཀྲ།།
ཞལ་མཇལ་ཙམ་ལ་བག་ཆགས་བསལ་མཁས་མ།།
ཞལ་གསལ་ཚངས་སྲས་མ་གང་ལྗགས་ལ་བཤམས།།
མཐའ་བྲལ་བསམ་འདས་དབྱངས་ཅན་དཔལ་ལྡན་མ།།
སྨྲ་བསམ་ནམ་མཁའ་བཤམས་འདྲ་སྨྲ་ལས་འདས།།
རབ་དཀར་པད་དཀར་བཞད་ལ་ཞབས་བཅགས་པ།།
དྲན་ཙམ་ངང་ལ་སྐལ་དམན་སྐལ་བཟང་ལགས།།
གནག་སྐྲ་ཚངས་རལ་རྒྱས་པ་དཔྱངས་མཁས་མ།།
ངང་མ་ཐམས་ཅད་རབ་དཀར་ནག་དང་བྲལ།།
ཟླ་གདན་པདྨ་རྒྱས་ལ་བཞད་པ་གང་།།
བདག་ལ་མ་ལྟར་བྱམས་པ་འཕགས་མར་གྲགས།།
བདག་ལ་མ་ལྟར་བྱམས་པ་དབྱངས་ཅན་མ།།
མ་དག་བག་ཆགས་ཐམས་ཅད་གསལ་མཛད་ན།།
ན་མཉམ་སྙན་ངག་སྨྲ་མཁན་བདག་ཅག་དག།
དག་སྣང་སངས་རྒྱས་དབྱངས་དང་འབྲལ་མ་མཛད།།
སྙན་ངག་དཔལ་ལྡན་དབྱངས་ཅན་བཞད་པ་མ།།
བསྔགས་ཀྱང་དྲན་པ་བདག་ལ་དབྱངས་ཅན་མས།།
ཟླ་བྲལ་དཔའ་རྩལ་འཇམ་དཔལ་དབྱངས་གང་ལྟར།།
གཞན་ཕན་ངལ་བ་མ་འཆང་ལྡན་པར་འཚལ།།
སྒྲ་དང་ཚད་མ་མཐའ་ཡས་ཐམས་ཅད་དག།
སྤྱན་ལྡན་སྤྱན་ལ་མ་ལྟར་གསལ་བ་ལ།།
བདག་ལ་གཏང་རག་བསྩལ་མཁས་དབྱངས་ཅན་མ།།
ཡང་ཡང་བདག་དང་མ་འབྲལ་བཞད་ཀྱང་གནས།།
༼ ཆོས་འབྱོར་རྒྱ་མཚོ། ༽