国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོང་གི་རྩ་དོན་ཆེན་པོ་ལྔ།

བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཅུས་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་ཀྱིས་གཙོ་སྒྲིག་བྱས་པའི《གྲོང་གསེབ་གསར་པའི་ཁོར་ཡུག་སྲུང་སྐྱོང་ཤེས་བྱའི་དྲི་བ་དྲིས་ལན》ལས། རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོང་གི་རྩ་དོན་ཆེན་པོ་ལྔ་ནི། (1)ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་སྙོམས་སྒྲིག་ངང་འཕེལ་རྒྱས་གཏོང་རྒྱུའི་རྩ་དོན་དང་། (2)སྔོན་འགོག་གཙོར་བཟུང་དང་འགོག་བཅོས་ཟུང་འབྲེལ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་རྩ་དོན། (3)བཙོག་སྐྱོན་བཟོ་མཁན་གྱིས་བཅོས་སྐྱོང་དང་། ཐོན་སྒོ་འབྱེད་མཁན་གྱིས་སྲུང་སྐྱོང་བྱ་རྒྱུའི་རྩ་དོན། (4) སྲིད་གཞུང་གིས་ཁོར་ཡུག་སྤུས་ཚད་ལ་འགན་འཁུར་བའི་རྩ་དོན། (5)མང་ཚོགས་ལ་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྩ་དོན་བཅས་ཡིན།