国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉག་ཆུ་འདམ་ར་གླིང་གའི་སྟོན་ལྗོངས།། པིར་གྱིས་བྲིས་འདྲའི་རི་མོ་མཛེས་ཆེན།།

ཉེ་ཆར། པར་ལེན་ལ་དགའ་བའི་སྨྱུག་འཛིན་པས་དཀར་མཛེས་རྫོང་ཉག་ཆུ་འདམ་ར་གླིང་གའི་འབྲུག་མོ་མཚེའུ་འགྲམ་གྱི་སྟོན་ལྗོངས་རེ་རེ་བཞིན་བརྙན་མིག་ཏུ་བླངས་པ་དང་ཆབས་ཅིག། གངས་རི་གཙང་ཟླའི་གཟི་ཉམས་ཀྱང་དེ་དག་གི་རྒྱབ་ལྗོངས་སུ་གྲོགས་ལ་སྦྲན་པ་ཡིན།

འབྲུག་མོ་མཚེའུ་རུ་དགུན་ཡོལ་གྱི་དུས་བྱ་ཇེ་མང་དུ་སོང་ཞིང་། ཆུ་བྱའི་རིགས་དུ་མ་དང་། ཁྲུང་ཁྲུང་། སོ་བྱ་སོགས་བག་ཡངས་སུ་རྒྱུ་ཞིང་སྐད་སྙན་སྒྲོག་པ་དང་། གླིང་གར་ཡོད་པའི་གུར་གྲོང་ཡང་གུང་གསེང་སྐབས་སུ་མི་རྣམས་ངལ་གསོ་བའི་གནས་མཆོག་ཏུ་གྱུར།

ལོ་འདི་ཚོའི་རིང་ལ། ཉག་ཆུའི་འདམ་ར་སླར་གསོ་བཅོས་སྐྱོང་ལས་གྲྭ་སྤེལ་ཏེ་ཆུ་འགོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པར་བརྟེན། ད་ལྟ་ཉག་ཆུ་གླིང་གའི་འདམ་ར་སྤྱི་གླིང་ཡང་རྒྱལ་སྲུང་གཞུང་ལམ317པའི་ཡུལ་ལྗོངས་མཛེས་ཤོས་ཀྱི་གྲས་སུ་གྱུར་པ་དང་། གྲོང་ཁྱེར་པ་དང་འགྲུལ་པ་ཚོའི་སྤྲོ་འཁྱམ་དང་ལུས་སྦྱོང་བྱ་ཡུལ་བཟང་ཤོས་སུ་གྱུར་ཡོད་པ་རེད།།