གཉུག་གཤིས་དབུ་མའི་རྩ་མདུད་གྲོལ་བ་དང་།།
མགྲིན་པ་པདྨའི་མེ་ཏོག་འཐོར་བ་ན།།
རྣམ་རྟོག་རླུང་གིས་གཡོ་བའི་རྗེས་ཤུལ་ནས།།
ཟོལ་མེད་དབྱངས་ཀྱི་རྒྱུད་སྐུད་དལ་གྱིས་དཀྲོལ།།
ཚོར་བ་སྤྲིན་གྱི་འཇའ་གུར་འཁྲིགས་པ་དང་།།
སེམས་ཉིད་ཞི་བའི་མདངས་སུ་གཡོ་བ་ན།།
སྒྱུ་མའི་མྱ་ངན་ཐང་གི་ཐང་དཀྱིལ་ནས།།
དྲུག་འགྱུར་ངག་གི་གཤིས་གླུ་དྭངས་མ་ལེན།།
ལས་འཕྲོའི་ཞེན་ཆགས་ཕན་ཚུན་རྒྱུ་བ་དང་།།
བརྩེ་དུང་བྱ་གླག་ལྡིང་སྐོར་བྱེད་ས་ནས།།
འདང་བརྩེའི་རྟོག་འགྱུར་ལེན་པའི་གཏམ་རྒྱུད་དེ།།
ལས་ཀྱི་བསྐྱོར་མར་ཡིན་པའི་དྲན་ཤིང་ཙམ།།
ཨ་འགྲིག་ལས་ཀྱི་དར་སྐུད་འཐེན་ས་དང་།།
གཟུགས་མེད་དགའ་དུང་སྣང་བ་འབར་ས་ནས།།
ཚིག་གི་སྤྱན་ཆབ་འདྲེས་མའི་ཤུགས་གླུ་དེ།།
ཆུང་གྲོགས་ན་ཟླར་ཕུལ་བའི་མེ་ཏོག་ཡིན།།
གཡང་དཀར་ན་དམར་གཞུང་ལ་འདེད་པ་དང་།།
སྣང་བའི་ཚིག་གི་ཟློས་གར་རྒྱུ་བའི་དུས།།
མཛེས་སྡུག་ཆུ་རིས་འཁྱིལ་བའི་བརྡ་གླུ་དེ།།
ལ་བསྟིམ་པའི་རྟོག་ཚོགས་ཙམ།།
༼ མ་གྲུབ་པ། ༽
སེམས་ཉིད་དབྱངས་