国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས2023ལོའི་དཀར་མཛེས་ཁུལ་བཟའ་བཅའ་ཉེན་མེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་སུ།

འགན་འཁྲི་གཉིས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་ནན་ཤོས་བཞི་ལག་ལེན་ནན་པོ་བསྟར་ཏེ། ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བཟའ་བཅའ་ཉེན་མེད་ཡོང་བ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་གསུངས།

སྤྱི་ཟླ11པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་བཟའ་བཅའ་ཉེན་མེད་ཨུ་ལྷན་གྱི་ཀྲུའུ་རེན་ཧྥུང་ཧྥ་ཀུའེ་ཡིས2023ལོའི་དཀར་མཛེས་ཁུལ་བཟའ་བཅའ་ཉེན་མེད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་གཙོ་སྐྱོང་གནང་ནས། བཟའ་བཅའ་ཉེན་མེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འགན་འཁྲི་གཉིས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཤིང་ནན་ཤོས་བཞི་ལག་བསྟར་ནན་པོ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བཟའ་བཅའ་ཉེན་མེད་ཡོང་བ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་གཅིག་ནི་ཚུགས་གནས་དེ་བས་མཐོན་པོའི་སྒོ་ནས་བཟའ་བཅའ་ཉེན་མེད་ལ་དམ་འཛིན་ཡག་པོ་བྱ་དགོས། གཉིས་ནི་ལས་དོན་དངོས་ལ་བརྟེན་ནས་བཟའ་བཅའ་ཉེན་མེད་ལ་སྲུང་སྐྱོང་བྱ་དགོས། གསུམ་ནི་སྤྱོད་ཚུལ་སྔར་ལས་ནན་པའི་སྒོ་ནས་བཟའ་བཅའ་ཉེན་མེད་ལ་ལྟ་སྐུལ་དོ་དམ་བྱ་དགོས། བཞི་ནི་བྱ་ཐབས་སྔར་ལས་ཞིབ་ཕྲ་བར་བརྟེན་ནས་བཟའ་བཅའ་ཉེན་མེད་ལ་འགན་སྲུང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)