ཉེ་ཆར་ལི་ཐང་རྫོང་སློབ་འབྲིང་གིས་དགུན་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་བདུན་པ་གཉེར་བ་རེད། ལུས་རྩལ་ཐང་དུ་མཆོང་རྒྱུག་འཕེན་གསུམ་སོགས་འགྲན་སྡུར་རྣམ་གྲངས་སྣ་ཚོགས་སྤེལ་ནས་སློབ་མ་ཚོར་ལུས་སྦྱོང་གི་སྤྲོ་སྣང་དང་། མཐུན་སྒྲིལ། འབད་འབུངས་ཀྱི་སྙིང་སྟོབས་མྱོང་ཚོར་ཐུབ་ཡོད། འདི་ནི་སློབ་གྲྭ་དེའི་སློབ་མ་རྒྱང་མཆོང་འགྲན་སྡུར་ལ་ཞུགས་བཞིན་པའི་གནས་ཚུལ་རེད།