国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རི་བོ་གངས་དཀར་གྱི་མཛེས་ཉམས།

མཚོ་འཕགས་སྨི7508.9ལ་ཟིན་པའི་མི་ཉག་འབོ་གངས་དཀར་རམ་རི་བོ་གངས་དཀར་ནི་སི་ཁྲོན་ཞིང་ཆེན་དར་མདོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་ཡོད་དེ། ཉེ་འཁོར་དུ་སྨི6000ཡན་གྱི་རི་བོ45ཡོད་ཅིང་། རི་བོ་ གངས་དཀར་དེ་ཁམས་ཕྱོགས་ཀྱི་གངས་རི་དག་གི་ཁྲོད་དུ་གནམ་གྱི་ཀ་བ་ལྟ་བུ་ལངས་ཡོད་པས། གངས་དཀར་ཤེལ་གྱི་ཅོད་པན་དང་སི་ཁྲོན་གྱི་རིའི་རྒྱལ་པོའི་མཚན་སྙན་ལྡན།

རི་བོ་གངས་དཀར་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་སྲུང་སྐྱོང་བྱེད་ཡུལ་ཡིན་པས། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་དང་རི་འཛེག་པ། ཡུལ་སྐོར་བ་དང་གནས་མཇལ་བ་སོགས་རྒྱུན་མི་ཆད་པ་འོང་བཞིན་ཡོད་པ་རེད།།