国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགུན་ཁར་ཟ་ཚད་ཇེ་མང་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན།

དགུན་ཁར་སྤྱིར་བཏང་གི་མི་ཚང་མའི་ཟ་ཚད་ཇེ་མང་དུ་འགྲོ་བར་མ་ཟད། ཟས་ཟོས་ནའང་ཁྱད་པར་དུ་ཞིམ་པོ་ཡིན། འདི་ནི་དགུན་ཁར་འཁྱག་པའི་དབང་གིས་མིའི་ལུས་ལུས་དྲོད་ལྷག་པར་མང་པོ་དགོས་པ་དང་། གྲང་ངར་འགོག་པ་དང་། ཕྱིར་བཏང་བའི་དྲོད་ཚད་ཁ་གསབ་བ་བཅས་ཀྱི་ཆེད་དུ“འབར་རྫས”ཏེ་ཟས་རིགས་ཧ་ཅང་མང་པོ་ཞིག་མཁོ་བ་རེད། དེར་མ་ཟད། དགུན་ཁར་མི་རྣམས་ཀྱི་ཆུའི་འཐུང་ཚད་ཇེ་ཉུང་དུ་སོང་བས། ཁོག་པའི་ནང་དུ་རྒྱུན་པར་སྟོང་པའི་རྣམ་པར་གྱུར་ཡོད་སྟབས། ཟས་མང་པོ་བཟས་ན་ད་གཟོད་མི་ལུས་ཀྱི་དོ་སྙོམས་སྲུང་འཛིན་བྱེད་པའི་དགོས་མཁོ་འཚིམ་ཐུབ།( རྩོམ་སྒྲིག་པས་བསྡུས།)