ཉེ་ཆར། 2023ལོའི་སི་ཁྲོན་ཞིང་ཆེན་གྱི་དགུན་དུས་ཡུལ་སྐོར་འགོ་ཚུགས་མཛད་སྒོ་དང་སི་ཁྲོན་ཞིང་ཆེན་གྱི(དགུན་དུས)ཡུལ་སྡེ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་མེན་དབྱང་ལ་སྤེལ་བ་རེད། 2023ལོའི“དགུན་དུས་སི་ཁྲོན་དུ་ཡུལ་སྐོར་བྱེད་པའི་འཛད་སྤྱོད་དུས་ཚིགས”འགོ་ཚུགས་པ་དང་མཉམ་དུ2023ལོའི“དགུན་དུས་དཀར་མཛེས་སུ་ཡུལ་སྐོར་བྱེད་པའི་འཛད་སྤྱོད་དུས་ཚིགས”ཀྱང་འགོ་ཚུགས་པ་རེད།
གསར་འགོད་པས་ཁུལ་རིག་གནས་དང་རླུང་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞིའི་མཇུག་བསྡུའི་ལས་ཀ་འགག་རྩའི་དུས་སུ་རང་ཁུལ་གྱི་དགུན་དུས་ཡུལ་སྐོར་འཁྲུག་ཆ་དོད་པོ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ཆེད། དཀར་མཛེས་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི“གངས་འཁྱགས”དང“ཆུ་ཚན”“ཉི་འོད”བཅས་མིང་བྱང་ཁ་ཤས་མུ་མཐུད་དེ་གསལ་བཟོ་བྱས་ནས་དགུན་དུས་ཡུལ་སྐོར་ཁྲོམ་ར་དར་རྒྱས་གོང་འཕེལ་འགྲོ་རྒྱུ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འདི་ལོའི“དགུན་དུས་དཀར་མཛེས་ཁུལ་གྱི་འཛད་སྤྱོད་དུས་ཚིགས”ཀྱིས“སི་ཁྲོན་གྱི་གངས་འཁྱགས་རི་བོ་ལ་བལྟས་པ”དང“ཉི་འོད་ཆུ་ཚན་ལ་རོལ་བ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ2023ལོའི་ཟླ་བ11པ་ནས2024ལོའི་ཟླ་བ3པའི་བར་ལྟ་སྐྱོང་སྲིད་ཇུས་ཁག5བཏོན་པ་དང་གཙོ་གནད་བྲིན་ཚོང་བྱེད་སྒོ་ཁག6སྤེལ་བ། དགུན་དུས་ཡུལ་སྐོར་གཙོ་གནད་སྤུས་དག་ལམ་ཐིག10བཏོན་ཡོད། ན་ནིང་ལོ་ལས་བྱེད་སྒོ་སྤེལ་ཤུགས་དེ་བས་ཆེ་བ་དང་ཁྱབ་རྒྱ་དེ་བས་ཆེ་བ། ནང་དོན་དེ་བས་མང་བ། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ་དང་ཚོགས་པའི་ཡུལ་སྐོར་བྱེད་པ་སོགས་ཚང་མར་ལྟ་སྐྱོང་རག་ཐུབ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱེད་ཆོག་པ་སོགས་བྱེད་སྒོ་ཕུན་སུམ་ཚོགས་པ་ཐོག་མཐའ་བར་གསུམ་དུ་སྤེལ་རྒྱུ་ཡིན་པ་རེད།།
( ཡེ་ཤེས་ཀྱིས་བསྒྱུར།)
