国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གས་ཆག་དེའི་རྗེས་སུ།

ཐ་སྙད་མང་པོས་ལྷན་པ་བརྒྱབ་ཀྱང་།

ཡོངས་སུ་མཚོན་ཐབས་མེད་པའི་

བདག་གི་ཁེར་རྐྱང་ལ་ཐིམ་པའི་ཉི་

ནུབ་དེར།

རྒྱང་རིང་ནི་རབ་རིབ་ནས་རབ་རིབ་

ཏུ་གྱུར།

དེ་ལྟ་ནའང་། བདག་གི་རྣམ་ཤེས་ཀྱི་སྣེ་

མོ་རེ་རེར།

རྨི་ལམ་གྱི་ཁང་ཁྱིམ་ནས་འཕྲད་པའི་བུ་

མོ་ཁྱོད།

ནགས་འདབས་སྙེག་པའི་རི་དྭགས་ཤིག་

དང་གཉིས་སུ་མེད་པར།

ང་ཡི་སྙན་ངག་གི་ཡུལ་ལྗོངས་སུ་དལ་གྱིས་

བྱོན་པ་ཡིས།

ལྷིང་འཇགས་སུ་སྡོད་པའི་རང་བྱུང་ཁམས་

ཀྱི་ང་ལ།

ནང་སེམས་ཁོ་ནས་ཡུལ་དུ་གྱུར་པའི་

བརྩམས་སྒྲུང་ཞིག་དང་།

རྨི་ལམ་གྱི་སྟེགས་བུ་ཁོ་ནར་ལེན་ཆོག་པའི་

གླུ་གཞས་ཤིག་ཀྱང་བསྩལ།

མིང་ཚིག་མང་པོ་ལྷན་དུ་བསྒྲིགས་ཀྱང་།

གཏན་ནས་མཚོན་ཐབས་མེད་པའི་

བདག་གི་རྣམ་ཤེས་ལ་ཐིམ་པའི་ཉི་

ནུབ་དེར།

དངོས་ཡོད་ནི་རབ་རིབ་ནས་རབ་རིབ་

ཏུ་གྱུར།

དེ་ལྟ་ནའང་། ང་ཡི་སྙན་ངག་གི་སྣེ་མོ་

རེ་རེར།

འཁྲུལ་སྣང་གི་གླིང་ག་ནས་མཇལ་བའི་

བུ་མོ་ཁྱོད།

མཚོ་མཐར་ལྡིང་བའི་ངང་པ་ཞིག་དང་

གཉིས་སུ་མེད་པར།

ང་ཡི་བློས་བསླངས་ཀྱི་སྒྲུང་རྩོམ་དུ་དལ་གྱིས་

བྱོན་པ་ཡིས།

ཁེར་རྐྱང་དུ་སྡོད་པའི་སྐྱོ་གར་འཐུ་བའི་

ང་ལ།

རྣམ་ཤེས་ཁོ་ན་འཁྱིལ་སའི་གནས་

མལ་ཞིག་དང་།

འདས་ཟིན་པའི་དྲན་པ་མཐའ་དག་

ཉར་སའི་འབྲི་དེབ་ཅིག་ཀྱང་བསྩལ།

༼ ཐོར་བུ། ༽