ཁྱོད་རི་བོ་དེའི་ཕ་རོལ་ན་ཡོད།
ང་རི་བོ་དེའི་ཚུལ་རོལ་ན་ཡོད།
རི་བོ་གཅིག་གིས་ཆོད་པའི་འུ་གཉིས།
ཐུག་འཕྲད་ཀྱི་དུས་ཚོད་ཧ་ཅང་ཐུང་དྲགས་པས།
ངས་ཁྱོད་ལ་དྲན་པའི་ཚབ་ཏུ་སྤྲིན་པ་ཞིག་
བསྐུར་ན་འདོད།
འུ་གཉིས་ཀྱི་བར་ཐག་དེ་འདྲའི་རིང་པོ་མིན་ལ།
དེ་འདྲའི་ཐུང་པོ་ཡང་མིན།
རིང་མིན་ཐུང་མིན་གྱི་བར་ཐག་འདི་བརྒྱུད་དེ།
ངས་ཁྱོད་ལ་སྒུག་པའི་ལོ་ཟླ་ཇེ་རིང་དུ་བཏང་
དགོས་བྱུང་།
ཁྱོད་ནི་ཡིད་དུ་འོང་བ་དེ་འདྲ་ཞིག་མིན།
ཡིད་དུ་མི་འོང་བ་དེ་འདྲ་ཞིག་ཀྱང་མིན།
ངས་འུ་གཉིས་ཀྱི་མ་འོངས་པའི་དོན་དུ།
མི་མང་པོ་ཞིག་བློས་བཏང་དགོས་བྱུང་།
མི་མང་པོ་ཞིག་དང་ཐུག་འཕྲད་མེད་པ་བྱས།
ཁྱོད་ང་ལ་གུ་ཡངས་ཀྱི་དུས་ཚོད་ཅུང་ཙམ་
གཡོར་དང་།
ད་ནི་དཔྱིད་ཀ་སླེབས་ནས་དབྱར་ཀ་ཚེས་རན་པས།
འུ་གཉིས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་
ཞིཤིག་བསུ་རན།
ཁྱིམ་གཞིས་དེ་བདེ་སྐྱིད་ཀྱིས་གང་བར་བྱ།
ཁྱིམ་གཞིས་དེ་ཕུན་སུམ་ཚོགས་པའི་འཚོ་བས་
གང་བར་བྱ།
༼ དུ་སྤྲིན། ༽