རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱིས《རི་བོ་གངས་དཀར་སོགས་རི་བོ་དགུའི་མཐོ་ཚད་གཞི་གྲངས་བསྒྲགས་པའི་སྐོར་གྱི་སྤྱི་བསྒྲགས》བསྒྲགས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐིག་རིས་གྲུབ་འབྲས་དོ་དམ་སྲོལ་ཡིག》གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པར་བརྒྱུད། ད་ལྟ་རི་བོ་གངས་དཀར་སོགས་རི་བོ་དགུའི་མཐོ་ཚད་གཞི་གྲངས་བསྒྲགས་པ་གཤམ་གསལ།
གཅིག རི་བོ་གངས་དཀར། མཐོ་ཚད་ལ་སྨི7508.9ཡོད།
གཉིས། རི་བོ་སྐུ་བླ། མཐོ་ཚད་ལ་སྨི6247.8ཡོད།
གསུམ། རི་བོ་དུང་དཀར། མཐོ་ཚད་ལ་སྨི4354.2ཡོད།
བཞི། རི་བོ་ཀོང་ཝུའུ། མཐོ་ཚད་ལ་སྨི2507.2ཡོད།
ལྔ། རི་བོ་སེང་གེ་རྒྱལ་པོ། མཐོ་ཚད་ལ་སྨི4981.3ཡོད།
དྲུག དགེ་བསྙེན་ཆེན་མོ། མཐོ་ཚད་ལ་སྨི6174.5ཡོད།
བདུན། འཇམ་པའི་དབྱངས། མཐོ་ཚད་ལ་སྨི6033.0ཡོད།
བརྒྱད། སྤྱན་རས་གཟིགས། མཐོ་ཚད་ལ་སྨི5998.5ཡོད།
དགུ། ཕྱག་ན་རྡོ་རྗེ། མཐོ་ཚད་ལ་སྨི5951.3ཡོད།
( ཀྲུང་གོའི་བོད་ལྗོངས་དྲ་བ་ནས་དྲངས།)