国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ པོ་ཆེར་ཕུལ་བའི་སྒྲ་རྒྱན་ཁུ་བྱུག་མགྲིན་གླུ།

མེས་རྒྱལ་ས་ཆེན་ཡངས་པའི་ཡུལ་ཁམས་སུ།།

སུ་ཡིས་འགྲན་བྲལ་མི་རིགས་ང་དྲུག་ཀུན།།

ཀུན་ཀྱང་ཕན་ཚུན་མཛའ་བའི་བློ་རྩེ་མཐུན།།

མཐུན་སྒྲིལ་ལྕགས་ཀྱི་ལྷུན་པོ་འགྲན་ནུས་གང་།།

དིར་དིར་རྫ་རྔ་འཁྲོལ་བའི་མགྲིན་པ་དེ།།

ལྷུང་ལྷུང་གཙང་ཁྱབ་ཟིལ་མས་རབ་བཀྲུས་ནས།།

མཚར་མཚར་ཀྲུང་གོ་གསར་པའི་འཕེལ་རྒྱས་ལ།།

སྙན་སྙན་ངག་གི་དབྱངས་རྟའི་བསྟོད་གླུ་ལེན།།

རླབས་ཆེན་ཀྲུའུ་ཞི་ཞི་ཅིང་ཕིང་མཆོག་གིས།།

སེམས་ཤུགས་གཅིག་སྒྲིལ་བསྐྱར་དར་ལས་འབུངས་ནས།།

རླབས་ཆེན་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཡི།།

སེམས་མཐུན་སྤྱི་ཚོགས་རིང་ལུགས་བསྟོད་རྒྱུར་སྐུལ།།

བཟང་བཟང་སྤྱི་ཚོགས་གསར་པའི་ས་ཆེན་ངོས།།

བདེ་བདེ་འཚོ་བའི་སྣ་བརྒྱའི་པད་མོ་བཞད།།

བདེ་བདེ་མི་རིགས་འཆམ་མཐུན་ཟེའུ་འབྲུ་རྒོད།།

བཟང་བཟང་སུམ་རྩེན་གནས་ཀྱི་དཔལ་ལ་འགྲན།།

རབ་ཡངས་དག་གསལ་ལམ་བཟང་རབ་མཛད་ནས།།

དགོས་འདོད་ལོངས་སྤྱོད་སྟོབས་འབྱོར་ཁྱོན་ཡོངས་རྫོགས།།

གཟི་བརྗིད་ཉི་ཐིག་བསྒྲིབས་ཤིང་དྲིན་གྱིས་འཛིན།།

ཕུལ་བྱུང་དུས་མཐུན་རྒྱུ་ཀུན་ཐུགས་སུ་ཆུད།།

ཐོད་བསགས་བསོད་ནམས་བཟང་པོའི་ལས་འབྲས་ལས།།

ལས་མཐུན་མི་རིགས་བར་གྱི་མཛའ་བརྩེ་ཡང་།།

ཡང་ཡང་དམ་དུ་འཛོམས་པའི་ལེགས་ཚོགས་འདི།།

འདི་ཀོ་ཡུན་ནས་ཡུན་དུ་གནས་གྱུར་ཅིག །

རབ་དཀར་གངས་ལྟར་གཙང་བའི་ས་ཆེན་ངོས།།

རབ་མཛེས་ཕུན་ཚོགས་ལྗོན་པའི་འབྲས་བུ་སྤུངས།།

རབ་མཆོག་གུང་ཁྲན་ཏང་གི་སྲིད་ཇུས་འོག།

རབ་སྐྱིད་ཁྱིམ་གཞིས་བདེ་བའི་དགའ་ཚལ་རྨད།།

རླབས་ཆེན་མེས་རྒྱལ་བསྐལ་བརྒྱར་རྟག་བརྟན་ཤོག།

རླབས་ཆེན་མི་རིགས་མཐུན་སྒྲིལ་ཇེ་ཟབ་ཤོག །

རླབས་ཆེན་ཀྲུང་གོའི་ཕུགས་དོན་ལེགས་གྲུབ་ནས།།

རླབས་ཆེན་བསྐྱར་དར་ལམ་ཆེན་རབ་ཡངས་སྨོན།།

༼ སྣག་ཚ་ནག་པོ། ༽