国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོང་སྣང་མག་མོག།

ནམ་མཁའ་འདི་རྒྱ་ཆེ་བས།

སྤྲིན་པ་ཚོའི་གཡོ་སྟངས་གྲལ་མི་འགྲིག།

རྟོག་ཚོགས་འདི་མཐའ་ཡས་པས།

འཆར་སྣང་འདི་དག་གི་གནས་ལུགས་

དཔག་པར་དཀའ།

དགུན་ཟླ་འདི་གྲང་ངར་ཆེ་བས།

འོད་ལམ་ལམ་དུ་འཁྱུག་པའི་ཉི་འོད་ཤིན་ཏུ་དཀོན།

སྨག་རུམ་འདི་འཁྲིགས་ཡུན་རིང་བས།

རྒྱང་རིང་གི་ལམ་བུར་ཕྱི་མིག་བལྟས་ཀྱང་ཅི་

ཞིག་མཐོང་ནུས།

སེམས་པ་འདི་གྱ་གྱུ་མོད་པས།

ལྷད་མེད་པའི་འཛུམ་མདངས་སྣུམ་པོ་ཞིག་རྙེད་

པར་དཀའ།

བདག་གི་རྟོག་ཚོགས་འདི་རེ་ལྟོས་ཀྱི་འཇུས་སོང་

བ་ལན་ནམ།

འཁོར་བ་འདིའི་མཐའ་དབུས་ཀུན་གྱི་གྲིབ་མ་

མཐུག་སོང་བ་ལན།

༼ མཱ་ལ་ཏི། ༽