国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ལོ1992ལོར་བསྡོམས་རྩིས་བྱས་པ་ལྟར་ན་རང་རྒྱལ་ནས་ཁྲུང་ཁྲུང་སྐེ་ནག1268ལྷག་མཐོང་བ་དང་། སྤྱི་ལོ2002ལོར་ཡང་ཡུན་ནན་ཀྲའོ་ཐུང་སོགས་ཀྱི་ས་ཆ་ནས་ལྷོ་བགྲོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག1500ལྷག་མཐོང་། ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ2011ལོའི་བར་ཕལ་ཆེར་འཛམ་གླིང་སྟེང་ཁྲུང་ཁྲུང་སྐེ་ནག་ཁྲི་ཚོ་གཅིག་ཙམ་ཡོད།

གནའ་ནས་བཟུང་བོད་མི་རིགས་ཀྱིས་ཁྲུང་ཁྲུང་སྐེ་ནག་ནི་ལྷ་བྱ་རུ་བཀུར་ཏེ་མི་གསོད་པས་ན། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་དང་གྲངས་ཀ་ཇེ་ཉུང་ལ་སོང་མེད། མདོ་དབུས་མཐོ་སྒང་དུ་ལོ་རེར་རྒྱུད་སྤེལ་བའི་ཁྲུང་ཁྲུང་སྐེ་ནག3000ཙམ་དང་དགུན་བརྒལ་བའི་ཁྲུང་ཁྲུང་སྐེ་ནག6000ལྷག་མཐོང་ཐུབ། ཡིན་ནའང་ཁྲུང་ཁྲུང་སྐེ་ནག་གི་འཕེལ་ཚད་དམའ་བའི་དབང་གིས་གྲངས་ཀ་ཇེ་མང་དུ་སོང་མེད། ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད། ( རྩོམ་སྒྲིག་པས་འཚོལ་སྡུད་བྱས།)