国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་རི་བོ་ཨེར་ཅིན་གྱི་མཛེས་སྡུག་དང་ངོ་མཚར།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པའི་རྐྱང་ཁྱུ།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲ་ཆེན་པོ་ཞིག་གིས་ལྟོ་འཚོལ་བཞིན་པ།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་བླངས་པའི་མཚམས་སྤྲིན་གྱི་པར།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཨ་ཆི་ཁེ་མཚེའུའི་ཉི་མ་ནུབ་སྐབས་ཀྱི་མཛེས་ལྗོངས།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་བའི་འབྲོང་།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ།

རི་བོ་ཨེར་ཅིན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གསེར་མདོག་ལྡན་པའི་རྩྭ་ཐང་།

རི་བོ་ཨེར་ཅིན་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས་དེ་ཡིན་ཞིང་།རི་བོ་ཨེར་ཅིན་གྱི་ལྷོ་རྒྱུད་དང་།ཤར་ཁུ་ནུ་རི་བོའི་བྱང་རྒྱུད།ནུབ་ནི་རུའོ་ཆང་དང་ཆེ་མོ་རྫོང་གཉིས་ཀྱི་དབྱེ་མཚམས་དང་།ཤར་ནི་ཞིན་ཅང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་དང་།བྱང་ནི་རི་བོ་ཨེར་ཅིན་ལྷོ་རྒྱུད་ཀྱི་རི་བོ་ཆི་མན་ཐ་ཀེ་དང་།ལྷོ་ནི་ཞིན་ཅང་དང་བོད་ལྗོངས་ས་མཚམས་ཀྱི་ཁུ་ནུ་རི་རྒྱུད་བཅས་སུ་ཆགས་ཡོད།ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ360ཡོད་པ་དང་།ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ190དང་།སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ44940ཡོད་པ་རེད།

རི་བོ་ཨེར་ཅིན་སྲུང་སྐྱོང་ཁུལ་གྱི་མཐའ་བཞིར་རི་བོ་མཐོན་པོས་བསྐོར་བ་དང་།རི་བོ་མུའུ་ཧྲི་ཐ་ཀེ་ནི་ཆེས་མཐོ་ཤོས་ཡིན་ཞིང་མཚོ་འཕགས་སྨི6973ཡོད་པ་རེད། དེང་རབས་ཀྱི་འཁྱགས་ཀླུང་དང་།མཐོ་སྒང་གི་མཚེའུ།མཐོ་སྒང་གི་བྱེ་ཐང་བཅས་དང་།རྐྱང་དང་།གཙོད།འབྲོང་།རྔ་མོང་།ཁྲུང་ཁྲུང་སྐེ་ནག།གོང་མོ།གླག་དཀར་སོགས་དཀོན་ཞིང་རྩ་ཆེ་བའི་འདབ་ཆགས་དང་རི་དྭགས་སྣ་ཚོགས་ཡོད་པར་མ་ཟད།རི་སྐྱེས་རྩི་ཤིང་རིགས241ཡོད་པས་རི་བོ་ཨེར་ཅིན་ནི་མཛེས་སྡུག་དང་ངོ་མཚར་གྱིས་ཕྱུག་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆེན་པོ་ཞིག་ཡིན་ནོ།།(སྐལ་བཟང་རྒྱ་མཚོས་བསྒྱུར)