国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཛེས་སྡུག་གི་དཀར་མཛེས། མི་ཡུལ་གྱི་དག་ཞིང་།

གླིང་ག་མཚོའི་འགྲམ་ནས་བླངས་པའི་རི་བོ་གངས་དཀར་གྱི་པར།ཧོ་ལིན་གྱིས་པར་བླངས།

གནས་རི་བཞག་བྲར་འཁྱུད་པའི་མཚམས་སྤྲིན། ཧྥན་ཡུས་ཅེས་པར་བླངས།

རི་བོ་གངས་དཀར་མཐའ་འཁོར་གྱི་འབོ་ཞབས་ལུང་པའི་འཁྱགས་ཀླུང་།ཧྥན་ཡུས་ཅེས་པར་བླངས།

གངས་རི་ཆེན་པོའི་བྱང་རྒྱུད་དུ་ཆགས་པའི་མཚོ་འཕགས་སྨི5884ཡོད་པའི་གནས་རི་བཞག་བྲ་དང་རི་བོ་གངས་དཀར་གཉིས་རྒྱང་རིང་ནས་ལངས་ཏེ་ཕན་ཚུན་གཟིགས་མོལ་བྱེད་པ་དང་འདྲ་ལ། ཉི་མ་ནུབ་རིང་མཚམས་སྤྲིན་གྱི་འོད་མདངས་ས་གཞི་ཆེན་པོའི་པང་དུ་ཀྲོང་ངེར་འགྱིང་པའི་གནས་རི་བཞག་བྲའི་སྟེང་ལ་ཕོག་ཚེ་ས་གཞི་ཆེན་པོའི་ཅོད་པན་ཞིག་དང་ཀུན་ནས་མཚུངས།ཧྲ་ལུའུ་ལི་རི་རྒྱུད་ཀྱི་བྱང་ཕྱོགས་སུ་མཚོ་འཕགས་སྨི6168ཡོད་པའི་ཁྲོ་ལ་ཡོད་པ་དང་།དེའི་དཀྱིལ་མཚམས་སུ་མཚོ་འཕགས་སྨི6174ཡོད་པའི་དགེ་བསྙེན་གནས་རི་ཡོད། དེའི་ལྷོ་མཚམས་སུ་མཚོ་འཕགས་སྨི6000ལས་བརྒལ་བའི་འདབ་པའི་རིགས་གསུམ་མགོན་པོའི་གནས་རི་ཡོད་པ་རེད།ས་སྲོས་ཀྱི་དུས་སུ།དགུ་ཚིགས་འཕྱུར་བ་དང་།མཚམས་སྤྲིན་གྱི་ཁ་དོག་སྣ་ཚོགས་མཛེས་ཤིང་ལྟ་ན་སྡུག་པས་ཀུན་གྱི་ཡིད་དབང་འཕྲོག་གོ།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)