国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་གྱི་ཐག་ཆེས་རིང་བའི་གྲོང་སྡེརGབཞི་ དྲ་བ་ཡོངས་སུ་ཁེབས་ཡོད།

ཉེ་ཆར། གསར་འགོད་པ་ཀྲུང་གོ་འཁྱེར་འཕྲིན་དར་མདོ་ཡན་ལག་སྤྱི་གཉེར་ལས་དོན་མི་སྣ་དང་མཉམ་དུ་དར་མདོ་གྲོང་ཁྱེར་གྱི་ཐག་ཆེས་རིང་བའི་ཡུལ་ཤོག་སྟེ་ཅུ་དཀྱིལ་ཡུལ་ཤོག་ཏུ་སོང་ནས་སྦྲེལ་ཚུགས་ལ་རྒྱུན་ལྡན་གྱི་སྐོར་ཞིབ་བྱས།

རླངས་འཁོར་ལ་བསྡད་ནས་ཆུ་ཚོད་བཞི་ཙམ་ལ་སོང་རྗེས་ཅུ་དཀྱིལ་ཡུལ་ཤོག་གསེར་གཞོང་གྲོང་སྡེའི་ཀྱག་ཧོར་ལུང་པར་སླེབས། ཞིབ་བཤེར་རབ་དང་རིམ་པ་བྱས་པར་བརྒྱུད་ལས་དོན་མི་སྣས་གཏན་ལ་ཕབས་པ་ལྟར་ན། Gབཞི་སྦྲེལ་ཚུགས་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་རེད། ཀྱག་ཧོར་ལུང་པ་ནི་དར་མདོ་གྲོང་ཁྱེར་ཅུ་དཀྱིལ་ཡུལ་ཤོག་གསེར་གཞོང་གྲོང་སྡེའི་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་པ་དང་། གསེར་གཞོང་གྲོང་སྡེ་དང་བར་ཐག་སྤྱི་ལེ5ཙམ་ཡོད།ལོ་རེ་བཞིན་དཔྱིད་ཀ་ཤར་རྗེས་སུ་དུད་ཚང40ཡི་ཡུལ་མི200ལྷག)ཀྱག་ཧོར་ལུང་པ་ན་གནས་སྤོས་ནས་ཞིང་འདེབས་པ་དང་། དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བ།ཐོན་སྐྱེད་ཀྱི་དུས་ཚིགས་ཡོལ་རྗེས་ཡང་གསེར་གཞོང་གྲོང་ཚོར་གནས་སྤོ་བྱེད་བཞིན་ཡོད། སྔོན་ཆད་ཀྱག་ཧོར་ལུང་པ་ན་ལག་ཁྱེར་ཁ་པར་གྱི་བརྡ་རྟགས་མེད་པས་ཡུལ་མི་ཚོ་སྤྱི་ལེ་ལྔ་ཡོད་པའི་རི་གཤམ་དུ་ཡོང་ནས་དྲ་བ་སྤྱོད་པ་དང་ཡང་ན་རི་སྟེང་དུ་སོང་ནས་གཞན་གྱི་བརྡ་རྟགས་སྤྱོད་པ་རེད། ཐོན་སྐྱེད་དང་འཚོ་བར་ཧ་ཅང་སྟབས་མི་བདེ་བ་ཞིག་བཟོས་ཡོད།

དཀའ་གནད་དེ་ཐག་གཅོད་བྱ་ཆེད། ཅུ་དཀྱིལ་ཡུལ་ཤོག་དང་ཀྲུང་གོ་འཁྱེར་འཕྲིན་དར་མདོ་ཡན་ལག་སྤྱི་གཉེར་ཁང་གིས་སྤྱི་འདོམས་བཀོད་གཏོང་ཧུར་ཐག་བྱས་ནས་ཟླ་བ་གསུམ་རིང་གྲ་སྒྲིག་བྱས་པར་བརྒྱུད།མཐོ་གྲང་རི་ཁུལ་གྱི་འགྲོ་ལམ་ཤར་བགྲོད་དཀའ་བ་དང་ཨར་ལས་ཆ་རྐྱེན་ཞན་པ་སོགས་ཀྱི་འགལ་རྐྱེན་བསལ་ནས་མ་དངུལ་སྒོར་ཁྲི30ལྷག་བཏང་བ་དང་། འཕྲིན་གཏོང་དབྱུག་པར་བརྟེན་ནས་འཛུགས་པ་དང་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཤིང་། ཉི་ནུས་ཀྱི་ནུས་རྒྱུ་གཙང་མའི་སྦྲེལ་ཚུགས་བསྐྲུན་པ་དང་། འོད་སྐུད་སྤྱི་ལེ3གསར་བཟོ་དང་བརྒྱུད་གཏོང་བྱས་ཡོད།

2023ལོའི་ཟླ་བ12པའི་ཚེས18ཉིན་ཀྱག་ཧོར་ལུང་པ་ལ་ལག་ཁྱེར་ཁ་པར་གྱིGབཞི་བརྡ་རྟགས་ཁེབས་པ་དང་། དར་མདོ་གྲོང་ཁྱེར་གྱི་ཆེས་ཐག་རིང་བའི་རང་བྱུང་གྲོང་སྡེར་འཕྲིན་གཏོང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། འཕྲིན་གཏོང་ལས་གྲྭ་གཞི་རིམ་དུ་སླེབས་མི་ཐུབ་པའི་ཞན་ཆ་གསབ་ཡོད། དེ་ནི2024ལོར་གསེར་གཞོང་གྲོང་སྡེའི་གྲོང་མིར་ལོ་གསར་གྱི་ལག་རྟགས་ཡག་ཤོས་ཤིག་ཡིན་པ་སྨོས་ཅི་དགོས།

གསེར་གཞོང་གྲོང་སྡེའི་ཡུལ་མི་ཆོས་འཕེལ་ཕུན་ཚོགས་ཀྱིས་ང་ཚོའི་ཀྱག་ཧོར་ལུང་པ་ལ་སྔོན་ཆད་དྲ་བ་མེད་པས་སྟབས་ཧ་ཅང་མི་བདེ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་དང་དེ་བཞིན་འཁྱེར་འཕྲིན་སྤྱི་གཉེར་ཁང་གིས་རྒྱབ་སྐྱོར་འོག་ད་ལྟ་ང་ཚོར་དྲྭ་རྒྱ་བཙུགས་ཡོད།ཕྲུ་གུ་ཚོས་སློབ་སྦྱོང་བྱེད་དུས་དགེ་རྒན་གྱིས་ཁ་པར་ཐོག་སྦྱོང་ཚན་བཀོད་སྒྲིག་བྱེད་བདེ་པོ་ཡོད། ང་ཚོའི་ཡུལ་མིས་བེ་ཤ་དང་དབྱར་རྩྭ་དགུན་འབུ་བཙོངས་ན་ཧ་ཅང་སྟབས་བདེ་རེད། མཉམ་ལས་ལས་བྱེད་མི་སྣའི་བརྡ་གཏོང་རྒྱུའང་ཧ་ཅང་སྟབས་བདེ་ཡིན་ལ་བརྡ་འཕྲིན་དེ་མ་ཐག་གོ་ཐུབ་རེད།

ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། ཡུལ་སྡེ་དར་རྒྱས་གཏོང་བར་རོགས་རམ་བྱས་ཡོད།ད་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་པར་མ་ཟད།བརྡ་རྟགསGབཞི་ཁེབས་ཐུབ་པ་བྱུང་ལ་བརྡ་རྟགསGལྔ་ལྟེ་བའི་གྲོང་ཁུལ་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད་པས་ཨང་ཀིའི་ཞིང་སྡེ་འཛུགས་སྐྲུན་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།

དར་མདོ་འཁྱེར་འཕྲིན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཅིང་ཁྲུན་མའོ་ཡིས་རྨང་གཞིའི་འཕྲིན་གཏོང་ཐད་ང་ཚོས་པ་ལང་སྐར་ཚོགས་བཀྲ་བའི་སྒར་ས་དང་། ཡུལ་བཙན། མཚོ་དམར་སོགས་ས་ཁོངས་སུ་བརྡ་རྟགས་ཁྱབ་པ་བྱས་ནས་ཡུལ་སྐོར་བའི་འཕྲིན་གཏོང་དགོས་མཁོ་ཤུགས་ཡོད་རྒུས་བསྐངས་ཡོད།ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཐད་ང་ཚོས་མཆོད་རྟེན་དཀར་པོའི་ལམ་ན་ལྟ་སྐུལ་ཚོད་འཛིན་ས་ཚུགས་དང་།བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ཚོད་འཛིན་ལས་སྟེགས།ཡུས་ཀྲི་ཧུའེ་སྲིད་དོན་ལས་སྟེགས་སོགས་ལས་གཞི་བསྐྲུན་ནས་བློ་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། དུས་མཇུག་ཏུ་དར་མདོ་འཁྱེར་འཕྲིན་སྤྱི་གཉེར་ཁང་གིས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས་ས་ཁོངས་ནང་གི་ཡུལ་སྐོར་སྐོར་ལམ་དང་།འགྲོ་ལམ་གལ་ཆེན།ས་ཁོངས་གལ་ཆེན་བཅས་ཀྱི་དྲྭ་རྒྱ་ཁེབས་ཐུབ་པ་མུ་མཐུད་ཡག་པོ་བསྒྲུབས་ཏེ་གྲོང་ཁྱེར་ས་ཁོངས་བཅོས་སྐྱོང་དང་།རིག་ལྡན་ཡུལ་སྐོར།ཨང་ཀིའི་ཞིང་སྡེ། རིག་ལྡན་དམངས་འཚོ་བཅས་འཛུགས་སྐྱོང་ལ་རམ་འདེགས་བྱས་ནས་ཨང་ཀིའི་དར་རྩེ་མདོ་བསྐྲུན་རྒྱུར་སྟོབས་ཤུགས་དེ་བས་ཆེ་བའི་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ཅུ་དཀྱིལ་ཡུལ་ཤོག་ནི་ཉག་ཆུའི་ངོགས་སུ་གནས་པ་དང་། དར་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ198ཙམ་ཡོད་ཅིང་།རྒྱུན་སྡོད་མི་འབོར2000ལྷག་ཡོད་པས་གནམ་གཤིས་ཡག་པོ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།འོན་ཀྱང་ས་བབ་ཐག་རིང་བས་འགྲིམ་འགྲུལ་དང་།རྨང་གཞིའི་སྒྲིག་བཀོད།འཕྲིན་གཏོང་སོགས་རྗེས་ལུས་ཐེབས་ཡོད།ཉེ་བའི་ལོ་ཤས་རིང་།ཅུ་དཀྱིལ་ཡུལ་ཤོག་གིས་རིམ་ཁག་སྡེ་ཚན་གྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་གྲོང་མིའི་འཚོ་བའི་དགོས་མཁོར་དམིགས་ནས་ཕྱིའི་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་བྱས་ཡོད། རྨང་གཞིའི་འཕྲིན་གཏོང་ཁྱོན་ཡོངས་ལ་ཁྱབ་པར་མ་ཟད།ད་དུང་སྔ་རྗེས་སུ་གྲོང་ལམ་དང་སྲང་ལམ་ཨར་འདམ་ཅན་དུ་བསྒྱུར་ནས་གསང་སྤྱོད་གསར་བརྗེ་དང་། གྲོང་སྡེ་མཛེས་བཟོའི་འདུ་འགོད། འཐུང་ཆུ་ཉེན་མེད་ལས་གྲྭ་བཅས་ལ་སྐུལ་འདེད་བཏང་བ་དང་།མི་ཡི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་ཤིང་གྲོང་ཚོའི་རྣམ་པ་མུ་མཐུད་ལེགས་སུ་བཏང་བ་བཅས་བྱས་ཡོད་པ་རེད།

ཅུ་དཀྱིལ་ཡུལ་ཤོག་གི་མགོ་གཙོ་གཞོན་པ་ཆོས་འཕེལ་ཀྱིས་ལོ་དེ་དག་ནང་ང་ཚོ་ཅུ་དཀྱིལ་ཡུལ་ཤོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་ཡག་ཏུ་ཕྱིན་ཡོད། དེའི་ནང་ང་ཚོ་གྲོང་སྡེ་ལྔ་ཡི་མཛེས་བཟོའི་ལས་གྲྭ་དང་གསང་སྤྱོད་གསར་བརྗེ་ཚུད་ཡོད། ད་དུང་ཉེན་མེད་འཐུང་ཆུ་ཡང་ཁྱོན་ཡོངས་ལ་ཁྱབ་ཡོད།ང་ཚོའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་དང་དུད་ཚང་དུ་སྐྱོད་སའི་ཨར་འདམ་ལམ་བུ་བརྒྱ་ཆ95ལ་ཟིན་ནས་ང་ཚོ་མི་སེར་འགྲོ་སྐྱོད་བྱ་རྒྱུར་སྟབས་བདེ་བྱུང་ཡོད།ཁོང་ཚོའི་བདེ་འཇགས་ལ་ཡང་འགན་ལེན་ཐུབ་ཡོད། འདི་ལོ་ང་ཚོས་མཉམ་འབྲེལ་འཁྱེར་འཕྲིན་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་ནས་བརྡ་རྟགས་སྦྲེལ་ཚུགས་ཁག་གཉིས་སུ་ཁྱབ་པ་བྱས་ནས་ཞིང་ལས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་བཏོད་ཡོད།ང་ཚོའི་གྲོང་མིར་ཨང་ཀི་ཅན་ལས་བྱུང་བའི"ཁེ་འབབ"ལོངས་སུ་སྤྱོད་ཐུབ་པ་བྱུང་ནས་ང་ཚོ་ཅུ་དཀྱིལ་ཡུལ་ཤོག་གི་ཨང་ཀིའི་ཞིང་སྡེ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

ད་ལྟ་ཅུ་དཀྱིལ་ཡུལ་ཤོག་གི་ཨར་འདམ་ལམ་དུད་ཚང་ཚང་མར་སླེབས་ཐུབ་པ་དང་།གྲོང་སྡེའི་ནང་ཉི་འོད་ནུས་པའི་ལམ་སྒྲོན་ཁུ་སིམ་ཐིང་ངེར་གནས་པ་དང་བོད་བཟོའི་ཉམས་འགྱུར་ལྡན་པའི་གྲོང་མིའི་སྡོད་ཁང་གྲལ་སྟར་འགྲིག་པ། གྲོང་མིའི་སྡོད་ཁང་གི་མཐའ་འཁོར་དུ་གཙང་སྦྲ་དོད་ལ། གསང་སྤྱོད་ཀྱི་ས་ངོས་དང་གྱང་ངོས་སུ་དཀར་རྩི་མ་བཏང་ཡོད་པ་རེད། གྲོང་ཚོ་བཀོད་གཙང་དང་དྲྭ་རྒྱ་ཡོད་པ་དང་གནས་འཕྲོད་པའི་མཛེས་སྡུག་གི་རི་མོ་ཞིག་རི་ཚོགས་ཁྲོད་དལ་གྱིས་མངོན་ཡོད་པ་རེད།།

(ལས་ཞོར་གསར་འགོད་པ་དཔལ་མོས་བྲིས།)