ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་པར་གྲུབ་ནས་སྤྱི་ཟླ་དང་པོའི་ཚེས25ཉིན་གྱི་སྔ་དྲོར་ཁྲེང་ཏུའུ་རུ་གྲོལ་བ་རེད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་བ་རེད། མཇུག་འགྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་ཐེན་ཞང་ལི་དང་། ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བརྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན། ལི་ཅན་ཆིན་བཅས་རེད།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཞའོ་ཧུའེ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་། ཀྲུང་གུང་སི་ཁྲོན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧྲི་ཞའོ་ལིན་བཅས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁོ་ཙུན་ཕིང་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད།
མཇུག་འགྲིལ་ཚོགས་འདུ་མ་འཚོག་གོང་གི་འདེམས་བསྐོའི་ཚོགས་ཆེན་དུ་མའོ་ཀྲུང་ཀེན་སོགས་མི5སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལ་བདམས་པ་རེད།
མཇུག་འགྲིལ་ཚོགས་འདུར་འབྱོར་དགོས་པའི་ཨུ་ཡོན877ཡིན་ལ་དངོས་སུ་ཨུ་ཡོན825འབྱོར་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད་པ་རེད།
མཇུག་འགྲིལ་ཚོགས་འདུར་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞི་བསྒྲུབས་ཚུལ་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང་། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཐེན་ཞང་ལི་ཡིས་གསུང་བཤད་གནང་སྐབས་ཨུ་ཡོན་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་སྲོལ་གཙང་ལུགས་དྲང་དང་ཕུན་སུམ་ཚོགས་པའི་ངང་ལམ་ལྷོང་བྱུང་ཡོད། ཚོགས་འདུའི་རིང་ཨུ་ཡོན་རྒྱ་ཆེན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་ནས་འབྲེལ་ཡོད་སྙན་སེང་དང་ཡིག་ཆར་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཐབས་ཇུས་བཟང་པོ་དང་བྱེད་ཐབས་གོ་ཆོད་པོ་བཏོན་པས་སྲིད་གྲོས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྲོད་དུ་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད་པ་རེད་ཅེས་གསུངས།
ཐེན་ཞང་ལི་ཡིས་བསྟན་དོན། རྒྱང་སྐྱོད་ཀྱི་ལམ་གསར་དུ་སྐྱོད་པར། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་ཨུ་ཡོན་རྒྱ་ཆེན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་ཞིང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྲིད་གྲོས་ཀྱིས་ལས་དོན་གཙོ་བོ་ལ་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་བཏོན་པའི་བླང་བྱ་ཁ་གསལ་སྦྱངས་ནས་གོ་བ་ལོན་པ་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་ཞིང་། བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་གཞུང་གིས་སྲིད་གྲོས་ལས་དོན་སྤྱི་འདོམས་བྱེད་ཅིང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་ལས་འགན་གྱིས་སྲིད་གྲོས་ལས་དོན་ལ་སྣེ་ཁྲིད་པ་དང་།( པར་ངོས་བཞི་པར་གཟིགས།)