国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཁྲེང་ཏུའུ་རུ་གྲོལ།

( པར་ངོས་དང་པོར་མཐུད།)

ཝང་ཞའོ་ཧུའེ་ཡིས་གསུང་བཤད་ཁྲོད་དུ་བསྟན་དོན། ཚོགས་འདུའི་རིང་ལ་འཐུས་མི་རྣམ་པས་རང་འགན་གཙང་སྒྲུབ་དང་། ཐབས་དང་ཇུས་འདོན་གང་ཐུབ་ཐུབ། མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་གཉེར་ནས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་འཁྲི་འཁུར་སེམས་ཆེ་བ། བསམ་པའི་ཉམས་འགྱུར་བཟང་པོ་བཅས་མངོན་ཡོད། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་མཐུན་སྒྲིལ་དམངས་གཙོ་ཡིན་པ། བདེན་འཚོལ་དོན་དུ་གཉེར་བ། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་འབད་འཐབ་དངོས་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་པའི་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་ངེས་རེད།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བ་དང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི” དམིགས་འབེན་ལས་འགན་མངོན་དུ་འགྱུར་བའི་འགག་རྩའི་ལོ་ཞིག་ཡིན་པས་བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་སླར་ཡང་མདུན་དུ་སྐྱོད་པ་དང་། དྲིན་ཚོར་ཡར་བརྩོན་གྱི་ལེའུ་གསར་པ་རྩོམ་ཞིང་། དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཧུར་ཐག་སྐུལ་ཅིང་། སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་ལ་ཇུས་འགོད་གནང་བའི་འཆར་གཞི་བརྗིད་ཆགས་པོ་དེ་དོན་དངོས་བཟང་པོར་ཧུར་ཐག་སྒྱུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་འབད་པས་བརྩམས་ཏེ་ རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཝང་ཞའོ་ཧུའེ་ཡིས་བསྟན་དོན། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་སླར་ཡང་སྐྱོད་ཅིང་། དྲིན་ཚོར་ཡར་བརྩོན་གྱི་སྒོ་ནས་ལེའུ་གསར་པ་ཞིག་བརྩམ་དགོས་ན་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“གདེང་ཚོད་བཞི”བརྟན་དུ་གཏོང་ཞིང་། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ལ་སྔར་བས་ཤུགས་བརྒྱབ་སྟེ་སི་ཁྲོན་གྱི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པ་འགན་ལེན་བྱ་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བ་དེ་ཆབ་སྲིད་ཆེ་ཤོས་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་རྒྱུན་འཁྱོངས་པ་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་དུ་བརྩིས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཧུར་ཐག་སྐུལ་བ་དང་། “ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ། ཚན་རྩལ་གསར་གཏོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཁྲིད་སྟོན་བྱེད་ཅིང་། རྫོང་ཁོངས་འཇུག་སྒོ་གལ་ཆེན་དུ་བྱས་ཏེ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་སྐུལ་བ་དང་། དཔལ་འབྱོར་བསྐྱར་འཕར་གྱི་གནས་བབ་བཟང་པོ་སྲ་བརྟན་དང་ཤུགས་ཆེར་བཏང་སྟེ་དཔལ་འབྱོར་སྤུས་ཚད་ཕན་འབྲས་ཡོད་པ་འཕར་བ་དང་འབོར་གྲངས་ལུགས་མཐུན་འཕར་བར་རྒྱུན་ཆད་མེད་པར་བསྐུལ་དགོས། ངེས་པར་དུ་བསྒྱུར་བཅོས་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་པ་སྤྱི་འདོམས་ངང་སྐུལ་བ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩ་ཐུག་སའི་བསྒྱུར་བཅོས་ལ་ཧུར་ཐག་སྐུལ་བ། ཡུལ་བབ་དང་བསྟུན་ནས་ཧེ་བག་ཅན་གྱི་བསྒྱུར་བཅོས་འཚོལ་ཞིབ་བྱེད་ཅིང་། བསྒྱུར་བཅོས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེ་ཡོང་བ་དང་། སྒོ་འབྱེད་བགྲོད་ལམ་ཆེན་པོ་དང་ལས་སྟེགས་ཆེན་མོ། འགག་རྩ་ཆེན་པོ་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་ཅིང་། རྒྱལ་སྤྱིའི་འགྲོ་འོང་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་མ་གདན་བརྟན་པོར་བཟོ་བ། ས་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་བསྐུལ་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྒུལ་ཤུགས་རྒྱུན་མི་ཆད་པར་བསླང་དགོས། ངེས་པར་དུ་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་། སྤྱི་ཚོགས་འགན་སྲུང་གི་དྲ་བ་བརྟན་པོར་འཛུགས་པ། བསམ་པའི་རིག་གནས་སྤུས་ལེགས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་མཁོ་སྤྲོད་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བར་བསྐུལ་དགོས། ངེས་པར་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤུས་ཚད་མཐོན་པོ་ཡོང་བ་གཅིག་གྱུར་གྱིས་འཆར་འགོད་དང་། ཁྱབ་ཁོངས་ཁག་གི་ཉམས་ཉེན་ཚབས་ཆེན་མུ་མཐུད་དེ་འགོག་ཟོན་དང་འདུམ་གཅོད། གནོད་འགོག་གནོད་སྐྱུང་གནོད་སེལ་དང་ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཅིང་། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་སི་ཁྲོན་དང་དུས་བདེའི་སི་ཁྲོན་འཛུགས་སྐྱོང་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས། ངེས་པར་དུ་གཙོ་དོན་སློབ་གསོའི་གྲུབ་འབྲས་ཡག་པོ་སྤྱད་དགོས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཅང་བ་དང་ལག་ལེན་བསྟར་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་ཅིང་། ལག་ལེན་ཆད་ལུས་མེད་པ་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་དང་། བདེན་འཚོལ་དོན་གཉེར་གྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། སྒྲུབ་ཕོད་ཅིང་སྒྲུབ་མཁས་པོའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་དོན་ཐོག་ཏུ་འཁྱོལ་ནས་འབྲས་བུ་ཐོན་པ་བྱ་དགོས། 

ཝང་ཞའོ་ཧུའེ་ཡིས་བསྟན་དོན། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་བསྟར་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ནན་ཏན་ངང་སྒྲུབ་པ་དང་། གཙོ་གནད་ལས་དོན་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་དུས་རབས་གསར་པའི་སི་ཁྲོན་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། “ལས་ཁུངས་བཞིའི”བླང་བྱ་ལྟར་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་རྒྱག་པ་དང་། འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་གྱིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཏན་ཏིག་འཁུར་དགོས། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ་དང་། དཔེ་བསྟན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། འཐུས་མིའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་བྱེད་ཅིང་། མི་དམངས་མང་ཚོགས་ཀྱི་འབོད་སྒྲ་དང་རེ་འདུན་རྒྱུས་ལོན་དང་གོང་ཞུ་ཧུར་ཐག་བྱེད་པ། ད་ཐེངས་ཀྱི་ཚོགས་འདུའི་སྙིང་དོན་སྣེ་ཁྲིད་དེ་དྲིལ་བསྒྲགས་ཡག་པོ་དང་། གསལ་འགྲེལ་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས་ཚོགས་ཆེན་དུ་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་འགྲུབ་ཐུབ་པར་འགན་ལེན་བྱ་དགོས།

ཝང་ཞའོ་ཧུའེ་ཡིས་ནན་གསུང་གནང་དོན། མི་དམངས་འཐུས་ཚོགས་ཀྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུ་ཡིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་ལག་ལེན་བསྟར་བར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་སུ་ཏན་ཏིག་བསྒྱུར་དགོས། “མི་དམངས་སྲིད་གཞུང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང”གིས་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་དུ་ལེན་པ་དང་། མི་དམངས་འཐུས་ཚོགས་ཀྱིས་འགན་ནུས་སྒྲུབ་པར་གཞོགས་འདེགས་ཧུར་ཐག་བྱ་རྒྱུ། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་སེང་ཞུས་ཏེ། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པའི་ངང་སྤྱོད་པར་འགན་ལེན་བྱས་ཤིང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ནུས་པ་འདོན་སྤེལ་མཐར་ཐུག་ལ་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས། 

རྒྱལ་གླུ་རྔམ་བརྗིད་ལྡན་པའི་ཁྲོད་ཚོགས་ཆེན་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་མགོ་ཁྲིད། འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མི་སོགས་མཇུག་འགྲིལ་ཚོགས་འདུར་ཞུགས་ཡོད་པ་རེད།། 

( སྐལ་ཐུབ་དང་ཀུན་དགའ། སྐལ་བཟང་རྒྱ་མཚོས་བསྒྱུར། )