( པར་ངོས་དང་པོར་མཐུད།)བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཡིས་སྲིད་གྲོས་ལས་དོན་ཟབ་ཏུ་སྤེལ་དགོས། སྲོག་ཤིང་མཐའ་གཅིག་ཏུ་སྲུང་བ་དང་། ལས་དོན་གཙོ་བོར་ཞབས་འདེགས་ཧུར་ཐག་ཞུ་བ། དམངས་དོན་དུ་བསམ་འདུན་ཐོག་མ་སྲུང་བ། མི་སེམས་གོང་བུ་རྒྱ་ཁྱབ་ཏུ་སྒྲིལ་བ་བཅས་ཀྱི་སྤྱིའི་ལས་དོན་བསམ་ཕྱོགས་རྒྱུན་འཁྱོང་ཞིང་། འགན་སྒྲུབ་བྱས་རྗེས་འཇོག་ཚད་སྤར་བ་ཞེས་པའི་ཁྲིད་ཕྱོགས་མངོན་གསལ་བཟོ་བ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་འགན་ཁུར་ཕོད་ཅིང་བྱས་རྗེས་གཞག་པ་དང་། རེ་བ་ཆུད་ཟོས་སུ་མི་བཏང་ནས་སི་ཁྲོན་བཅོས་བསྒྱུར་འཕེལ་རྒྱས་ལ་བྱས་རྗེས་གསར་པ་དེ་བ་ཆེ་བ་འབུལ་དགོས།
ཐེན་ཞང་ལིས་བསྟན་དོན། སྲིད་གྲོས་ཨུ་ཡོན་ནི་རིགས་ཁོངས་མང་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ལས་དོན་གྱི་བྱེད་པོ་ཡིན། ཚང་མས“སྲིད་གྲོས་ཤེས་པ་དང་། གྲོས་མོལ་ཤེས་པ། སྲིད་དོན་བགྲོ་གླེང་མཁས་པ། སྒྲིག་ཁྲིམས་སྲུང་བ། ཁྲིམས་སྒྲིག་ལ་དང་དོད། སྤྱོད་ལམ་ལ་མཐོང་ཆེན”བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་བརྩི་སྲུང་ཞུས་ཤིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། མི་རིགས་ཁག་དང་ལས་རིགས་ཁག་ཏུ་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། དཔའ་ངར་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འགན་འཁྲི་ལས་ཕྱོད་ཆེ་བའི་སྒོ་ནས་བསྒྲུབས་ཏེ་རྣམ་པ་གསར་པ་མངོན་པར་བྱ་དགོས། བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་སྐྱོང་ཞིང་།“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་དད་མོས་སྲ་བརྟན་དུ་གཏོང་བའི་ཐད་སྔར་བས་བློ་དཀར་སེམས་དཀར་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དགོས། མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་དཀའ་སྒྲུབ་དངོས་སྒྲུབ་བྱེད་པ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་སྐྱོར་བྱེད་པའི་ཐད་འགན་འཁྲི་སྔར་བས་ལྕི་པོ་འཁུར་ཕོད་པ། དམ་པ་དོན་གཉེར་དང་གྲུབ་འབྲས་དངོས་ཡོད་སྒྲུབ་ཕོད་ལ་ཐབས་མཁས་པའི་སྒོ་ནས་སྲིད་གྲོས་ཀྱི་རྒྱུགས་ལན་ཡག་པོ་འབུལ་དགོས།མི་དམངས་གཙིགས་སུ་འཛིན་པའི་འགན་འཁྲི་བསྒྲུབ་རྒྱུ་རྒྱུན་འཁྱོངས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མི་དམངས་དམངས་གཙོའི་བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོར་ཕན་པ་དང་དམངས་བློ་དང་བསྟུན་པའི་ལས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ནན་པོ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་དེ་བས་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ནས་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མངོན་འགྱུར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་མི་སེམས་གཅིག་སྒྲིལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་རྩོམ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་བཙུགས་ནས་ལོ75འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་དགོས།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། དེ་བཞིན་སི་ཁྲོན་དུ་བཅའ་སྡོད་དཔུང་སྡེའི་མགོ་ཁྲིད་བློ་མཐུན་དང་། སི་ཁྲོན་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་འཁུར་མི་དགོས་པའི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་བཅས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད།།
( སྐལ་ཐུབ་ཀྱིས་བསྒྱུར།)