国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ལ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི94ལ་སྣེ་ལེན་བྱས།

བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ཟླ2པའི་ཚེས10ནས17ཉིན་བར། ཁུལ་ཡོངས་ཀྱིས་དམངས་སྲོལ་བྱེད་སྒོ་སྣ་ཚོགས་ཁྱོན་བསྡོམས81སྤེལ་བ་དང་དེའི་ནང་ཞུགས་མཁན་མི142166ལ་ཟིན་ཡོད་ཅིང་། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི94.1281ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི103436.96རག་ཡོད། དེའི་ནང་དཀར་མཛེས་ཁུལAརིམ་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི21.4186ལ་སྣེ་ལེན་ཞུས་ཤིང་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི234.9709རག་ཡོད། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འགོ་ཡག་པོ་བརྩམས་ཐུབ་ཡོད།།