国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཀྲ་ཤིས་གནམ་ལོ་གསར་པ།

བཀྲ་ཤིས་ཀྱི་གནམ་ལོ་གསར་པ་ཚེས་བྱུང་།

རེ་བ་དང་སྨོན་འདུན་ངག་ལ་བསྐྱོར་ནས།

དགའ་འཛུམ་གྱི་ཉི་མ་དེ་རིང་སྐྱིད་སོང་།།

ལོ་སར་ལ་ཚེ་རིང་རྣམ་དྲུག་འཁོར་ཤོག།

རྒན་པ་རྣམས་ཚེ་ཐག་རིང་བའི་སྨོན་ལམ།།

གཞོན་པ་རྣམས་ལང་ཚོའི་འདབ་ལག་རྒྱས་ཤོག།

རྟེན་འབྲེལ་གྱི་དུང་གི་སྒྲ་དབྱངས་སྙན་མོ།།

བཀྲ་ཤིས་ཀྱི་གནམ་ལོ་གསར་པ་བསུ་ཡ།།

ཁ་གཡང་དང་ཚིག་གི་འཛུམ་པ་རང་འཁོར།།

འཛུམ་མདངས་དང་རེ་བའི་རྟེན་འབྲེལ་ཞུ་ཡ།།

ཁྲེལ་གཞུང་དང་ཕྱི་ཐག་རིང་བའི་བཀྲ་ཤིས།།

ཁྱིམ་མི་དང་སྤུན་ཟླའི་ཅི་བསམ་འགྲུབ་ཤོག།

དཔལ་འབྱོར་གྱི་རུ་དང་སྡེ་བ་ཕྱྭ་གཡང་།།

བདེ་སྐྱིད་ཀྱི་ནོར་བུ་སུམ་ཚོགས་འཕེལ་ཤོག།

བསམ་དོན་ཀྱི་རི་མོ་ལྷུན་གྱིས་འགྲུབ་ཤོག།

ཚེ་བསོད་ཀྱི་རླུང་རྟའི་དགེ་མཚན་རྒྱས་ཤོག།

༼ སྦྲ་སྲས་གངས་བུ་འཛུམ་གྲོལ། ༽