国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ཡུལ་གྲུ་ཀུན་ཏུ་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལྒང་ཞུའི་དུས་ཆེན་བསུ།

སྤྱི་ཟླ2པའི་ཚེས24ཉིན་ལ། འཛུགས་སྐྲུན་པ་རྣམས་ཀྱིས་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་སྤྱི་གཉེར་ཁང་དང་པོ་ཧྲང་ཧའེ་ཕུའུ་ཏུང་ཧེང་མེན་ལས་གཞི་པུའུ་རུ་ཐང་ཡོན་བཟོ་བཞིན་ཡོད།

སྤྱི་ཟླ2ཡི་ཚེས24ཉིན་ལ། འཁྲབ་སྟོན་པས་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་པ་ཀྲོའུ་ཆུས་སུ་སྲོལ་རྒྱུན་གྱི་ཟློས་གར《གདོང་འགྱུར》འཁྲབ་སྟོན་བྱེད་བཞིན་ཡོད།

སྤྱི་ཟླ2པའི་ཚེས24ཉིན་ལ། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཧྲེན་ཙེ་རྫོང་དུ་སེང་གེ་འཁྲབ་སྟོན་པས་སེང་གེ་འཁྲབ་སྟོན་བྱེད་བཞིན་ཡོད།

སྤྱི་ཟླ2ཡི་ཚེས24ཉིན་ལ། མི་རྣམས་ཀྱིས་ནན་ཅིང་ཧྥུའུ་ཙི་ལྷ་ཁང་ལྗོངས་ཁུལ་དུ་གློག་ཞུ་ལ་ལྟད་མོ་ལྟ་བཞིན་ཡོད།

སྤྱི་ཟླ2ཡི་ཚེས24ཉིན་ལ། ཡུལ་སྐོར་བས་པེ་ཅིང་ལྷོའི་ཕོ་བྲང་གླིང་ལྔའི་རྩི་ཤིང་སྤྲོ་སྐྱིད་གླིང་དུ་དཔྱིད་གསར་དུས་ཆེན་གྱི་རོལ་རྩེད་འདུ་ཚོགས་སུ་འབྲུག་གི་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་ཡོད།

སྤྱི་ཟླ2ཡི་ཚེས24ཉིན་ལ། འཁྲབ་སྟོན་པས་ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་ཀོང་ལིང་རྫོང་གི་ཁྲོམ་གཞུང་དུ་དབྱང་བྲོ་འཁྲབ་སྟོན་བྱེད་བཞིན་ཡོད།

སྤྱི་ཟླ2ཡི་ཚེས24ཉིན་ལ། འོས་མིས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ལུའུ་ཆོན་ཆུས་ཀྱི་གསེར་འབྲུག་གིས་བཅོ་ལྔའི་དུས་ཆེན་བསུ་ཞེས་པའི་དྲག་རྩལ་ཚོགས་ཆེན་དུ་སྲོལ་རྒྱུན་གྱི་དྲག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད།