国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ས་གནས་ཁག་གི་སློབ་གྲྭའི་དཔྱིད་དུས་སློབ་འགོ་བཙུགས།

སྤྱི་ཟླ2པའི་ཚེས25ཉིན་ལ། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཞི་བདེ་སློབ་ཆུང་གི་སློབ་མ་ཚོས་འབྲུག་ལོའི་འགུལ་རིས་ཀྱི་མགོ་རྒྱན་སྤྲས་ནས་སློབ་གྲྭའི་སྤྲོ་སྣང་ལུས་རྩལ་ནང་ཞུགས་ནས་སློབ་དུས་གསར་པ་བསུ་བཞིན་ཡོད།

སྤྱི་ཟླ2པའི་ཚེས25ཉིན་ལ། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧན་ཧྲན་ཆུས་ཁའེ་ཡོན་སློབ་ཆུང་གི་སློབ་མ་ཚོས་སློབ་དེབ་གསར་པ་སློབ་ཁང་དུ་འཁྱེར་བཞིན་ཡོད།

སྤྱི་ཟླ2པའི་ཚེས25ཉིན་ལ། ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་མིང་ཀྲུའུ་སློབ་ཆུང་གི་སློབ་མས་འབྲུག་ལོའི་ལག་ཤེས་བརྩམས་ཆོས་སྦྱར་ནས་སློབ་དུས་གསར་པ་བསུ་བཞིན་ཡོད།

སྤྱི་ཟླ2པའི་ཚེས25ཉིན་ལ། ཀྲེ་ཅང་ཞིང་ཆེན་ཏུང་དབྱང་གྲོང་ཁྱེར་ཅང་པེ་ལྟེ་གནས་སློབ་ཆུང་དུ་ཁྱིམ་བདག་དང་སློབ་མ་ཚོ་འབྲུག་སྒོ་བརྒལ་བའི་བྱེད་སྒོར་ཞུགས་ནས་སྲོལ་རྒྱུན་རིག་གནས་མྱོང་རོལ་གྱི་བརྒྱུད་རིམ་ནང་སློབ་དུས་གསར་པ་བསུ་བཞིན་ཡོད།

སྤྱི་ཟླ2པའི་ཚེས25ཉིན་ལ། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དང་དབྱིས་རིགས་རང་སྐྱོང་ཁུལ་ཀོ་ཅིའུ་གྲོང་ཁྱེར་ལུའེ་ཁྲུན་སློབ་ཆུང་གི་སློབ་མ་ཚོས་སློབ་དེབ་གསར་པར་ལྟ་བཞིན་ཡོད།

སྤྱི་ཟླ2པའི་ཚེས25ཉིན་ལ། ཧོ་ནན་ཞིང་ཆེན་ཆིན་དབྱང་གྲོང་ཁྱེར་ལི་ཧྲང་དབྱིན་སློབ་ཆུང་གི་སློབ་མ་ཚོས་གུང་གསེང་སྐབས་ཀྱི་ལག་ཤེས་སྦྱོང་ཚན་འགྲེམ་སྟོན་བྱས་ནས་སློབ་དུས་གསར་པ་བསུ་བཞིན་ཡོད།