国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་ཀྱི་གར་མ་དབྱངས་ཅན།

སྤྲོས་པའི་མེ་ཏོག་མ་ཟིན་ཚོར་བའི་གདངས། །

ཡིད་འགྱུ་ཟླ་བའི་གདན་ལ་གཉུག་མའི་གཤིས། །

ཚུལ་ཀ་རིང་ལས་འཕགས་པ་ངག་གི་དབྱངས། །

ཞི་བའི་སྤྱན་རས་ཡག་པས་སྣང་བ་ཐོགས། །

རྒྱུ་སྐར་རབ་ཏུ་གསལ་བས་རབ་རིབ་བོར། །

ཚུལ་འཆོས་དབུས་ཀྱི་མེ་ལོང་ཕྱི་ནང་གཙང་། །

ཡིད་ཀྱི་པད་མར་བཞུགས་པ་གར་མཁན་མ། །

ཟླ་བའི་ལས་མཐུན་ནང་ནས་དགའ་བ་འཕེལ། །

རྟོག་པའི་འཚང་ཁ་ཁྲོད་ཀྱི་སྒྱུ་འཕྲུལ་འཆང་། །

རྣམ་འགྱུར་སྣ་མ་ཚོགས་ལས་ཡིད་འོང་སྤྲུལ། །

ཚོར་བའི་རྨི་ལམ་འདྲེན་ཞིང་ལྷོད་ཆགས་པ། །

ཡིད་ཀྱི་གར་མ་དབྱངས་ཅན་མཆོག་ཏུ་གྱུར། །

༼ ཁམས་འོད་གསལ། ༽