དཔྱིད་དུས་ཀྱི་སློབ་དུས་བདེ་བླག་ངང་སློབ་འགོ་ཚུགས་པར་འགན་ལེན་བྱ་ཆེད། དཀར་མཛེས་ཁུལ་སློབ་གསོ་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་ལེན་བསྟར་ནས། སློབ་གྲྭ་ཁག་སྐྱོན་བྲལ་དང་ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་འགོ་ཚུགས་པར་འགན་ལེན་བྱས་པ་སྟེ།གཅིག་ནས་དགེ་རྒན་གྱི་སློབ་གཞི་སྔ་སྣུར་ནས་བཀོད་སྒྲིག་བྱས་པ་དང་། གཉིས་ནས་སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་བྱས་པ། གསུམ་ནས་སློབ་གཉེར་བྱ་སྤྱོད་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་བ། བཞི་ནས་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
